དབུ་ཤོག>ཆེད་སྒྲིག>སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད།>གསར་འགྱུར་ནང་དོན།
  • “ཧྥུའུ་ཅན་གྱི་སློབ་ཁང་ཆེན་པོ་གསར་པར”བརྟེན་ནས།

    ཧྥུའུ་ཅན་དང་བོད་ཀྱི་ལས་བྱེད་པ་མཉམ་དུ་སློབ་ཚན་ཉན་པ་རྒྱུན་གཏན་དུ་གྱུར་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-05

    ཉེ་ཆར། ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་དང་སློབ་གྲྭར་ཡོད་པའི་འཛིན་གྲྭ་གཙོ་བོའི་སློབ་མ་ཡོངས་ཀྱིས་བར་ཐག་སྤྱི་ལེ་སྟོང་ཕྲག་ཡོད་པའི་ཧྥུའུ་ཅན་གྱི་ལས་བྱེད་པ་དང་མཉམ་དུ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོང་ཝེ་ཕིང་གིས“ཧྥུའུ་ཅན་གྱི་སློབ་ཁང་ཆེན་པོ་གསར་པར”གནང་བའི《དམིགས་ཚད་དང་འགྲན་སློང—ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ》ཞེས་པའི་སྙན་ཞུ་ཐུན་མོང་ཐོག་ཉན་པ་རེད།

    དགེ་རྒན་ཆེ་མོ་བ་ཧོང་ཝེ་ཕིང་གིས་གོ་བདེ་ལ་རྟོགས་སླ་བའི་སྐད་ཆའི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་ནུས་པ་སོགས་ཀྱི་ནང་དོན་ཞིབ་པར་བརྗོད་ནས། སློབ་མ་ཚོར་མཐོང་ཐོས་གསར་པ་བྱུང་བའི་ཚོར་སྣང་དང་བསམ་གཞིག་དེ་བས་མང་བ་སྦྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཧྥུའུ་ཅན་གྱི་སློབ་ཁང་ཆེན་པོ་གསར་པ”ནི་ཧྥུའུ་ཅན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་བཏོད་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྤུས་རྟགས་ཤིག་ཡིན་ཞིང་། སྐབས་འདིའི“ཧྥུའུ་ཅན་གྱི་སློབ་ཁང་ཆེན་པོ་གསར་པ”ནི་ཧྥུའུ་ཅན་ཞིང་ཨུད་རྩ་འཛུགས་པུའུ་དང་ཧྥུའུ་ཅན་ཞིང་ཨུད་ཏང་གི་སློབ་གྲྭས་གཙོ་གཉེར་བྱས་པ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ཧྥུའུ་ཅན་ཞིང་ཨུད་ཏང་གི་སློབ་གྲྭའི་འཛིན་གྲྭ་གཙོ་བོའི་སློབ་མ་ཡོངས་སློབ་གྲྭར་སློབ་སྦྱོང་བྱེད་པ་དང་ཧྥུའུ་ཅན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པས་དྲ་ཐོག་ནས་དུས་གཅིག་ཏུ་ཨང་རྟགས་བཤེར་ཏེ་སློབ་སྦྱོང་བྱེད་པ་དང་དུས་མཚུངས་དྲ་ཐོག་ནས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སློབ་སྦྱོང་བྱེད་པར་ཡང་མཁོ་འདོན་བྱེད་ཀྱི་ཡོད། ཧྥུའུ་ཅན་ཞིང་ཨུད་ཏང་གི་སློབ་གྲྭའི་བོད་སྐྱོར་དགེ་རྒན་ཀྲེང་དབྱི་ཆུན་གྱིས་ངོ་མཚར་ཆེ་བའི་ཐད་གཏོང་སློབ་ཚན་དེ་རོགས་སྐྱོར་བྱ་ཡུལ་ཚན་པ་ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭར་མཁོ་འདོན་བྱས་པ་དང་སློབ་གྲྭའི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་སློབ་གྲྭར་ཡོད་པའི་འཛིན་གྲྭ་གཙོ་བོའི་སློབ་མ་སྒྲིག་འཛུགས་བྱས་ནས་ལེ་དབར་སྟོང་གི་བར་ཐག་ཆོད་པའི་ཧྥུའུ་ཅན་གྱི་ལས་བྱེད་པ་དང་མཉམ་དུ་སློབ་ཚན་ཉན་པ་རེད།

    ཧྥུའུ་ཅན་དང་བོད་ཀྱི་ལས་བྱེད་པས་མཉམ་དུ་ཆེད་དོན་སློབ་ཚན་ཉན་པའི་ཚོད་ལྟ་ཐོག་མ་དེ་ནི་ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་གྱི་བྱེད་ཐབས་གསར་པ་ཞིག་ཡིན་པ་དང་དེར་ཧྥུའུ་ཅན་ཞིང་ཨུད་རྩ་འཛུགས་པུའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་ལ་ཧྥུའུ་ཅན་ཞིང་ཨུད་ཏང་གི་སློབ་གྲྭ་དང་ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭའི་དབར་ལག་གདང་སྦྲེལ་ནས་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། སློབ་ཁྲིད་མཉམ་འགུལ་བཅས་བྱེད་པའི་གསར་གཏོད་རང་བཞིན་གྱི་ལག་ལེན་ཞིག་ཀྱང་ཡིན་པས། ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་དང་སློབ་མ་ཚོའི་གདེང་འཇོག་ཡག་པོ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།