ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་སྐུལ་སློང་དང་འགན་ འཁུར་ཕོད་མཁན་ལ་འགན་འཁུར་བ།
མལ་གྲོ་གུང་དཀར་རྫོང་གིས་ལས་བྱེད་པ་དང་ལས་བཟོའི་འགན་ལེན་ལྕག་སྐུལ་ལམ་སྲོལ་དོན་འཁྱོལ་བྱས་ཚུལ་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ལས་བྱེད་ལས་བཟོར་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྤྱི་འདོམས་སྐུལ་འདེད་དང་གོང་འོག་མཉམ་འགུལ་གྱིས་ལས་བྱེད་པ་དང་ལས་བཟོར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ལ་དོ་ཁུར་བྱས་ནས་འཚར་ལོངས་ལ་སྐུལ་འདེད་དང་། ལས་ཀར་དོ་ཁུར་བྱས་ནས་ངར་ཤུགས་འཕེལ་བ། ཐོབ་ཐང་ལ་དོ་ཁུར་བྱས་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། མི་ཆོས་ལ་དོ་ཁུར་བྱས་ནས་མི་སེམས་དྲོ་བ་བཅས་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་དང་རྒྱུ་རྐྱེན་གཙོ་བོ་ཁག་གི་ཐོག་ནས་ལས་བྱེད་པ་དང་ལས་བཟོའི་ལས་སྒྲུབ་ལས་གཏོད་དང་འགན་འཁུར་གྱི་ནུས་པ་ཆེ་རུ་བཏང་ཡོད།
ཆབ་སྲིད་ལ་དོ་ཁུར་བྱས་ནས་འཚར་ལོངས་ལ་སྐུལ་འདེད་བཏང་བ།
འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་ཞིང་། “འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”ཕྱོགས་སྟོན་གསལ་པོ་བཙུགས་ཏེ། བརྟན་ལྷིང་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་སོགས་ལས་དོན་གལ་ཆེན་ལ་སྣང་ཆེན་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ལས་བྱེད་པ་ཡག་པོ་གོ་གནས་སྤོར་བ་དང་བཀོལ་སྤྱོད་བྱས་ཡོད། 2022ལོ་ཚུན་དུ་སྔ་རྗེས་སུ་ལས་བྱེད་པ་188ཀྱི་གོ་གནས་སྤར་བ་དང་། ལས་བྱེད་པ་49གཙོ་གནད་བེད་སྤྱོད་པ། ལས་བྱེད་པ་106ལས་ཐོག་ཉམས་མྱོང་སྤེལ་རེས་བཅས་ཐེངས་བདུན་བྱས་ཡོད།
འཚར་ལོངས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། གཞུང་ཞབས་པའི་གོ་གནས་དང་འགན་རིམ་མཉམ་སྤྱོད་གཏན་འབེབས་དང་རྫོང་རིམ་པ་མན་གྱི་བྱ་གཞག་ཚན་པའི་དོ་དམ་ལས་གནས་ཀྱི་ལས་མིའི་རིམ་པ་སྤོར་བའི་གཏན་འབེབས་ལག་བསྟར་ནན་ཏན་བྱས་ཏེ། ལེགས་འདེམས་གནས་སྤོར་དང་རྒྱུན་མཐུད་སྐུལ་གཏོང་བྱས་ཡོད། 2022ལོ་ཚུན་དུ་ལས་བྱེད་པའི་རྒྱུན་གཏན་གྱི་མཚོན་ཚུལ་དང་ལས་གནས་ཀྱི་ལེགས་སྐྱེས་སོགས་ཀྱི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ་སྔ་རྗེས་སུ་ཐེངས་6ལ་ལས་བྱེད་པ་528ཀྱི་གོ་གནས་སྤར་བ་དང་། ཤང་དང་གྲོང་རྡལ་དང་རྫོང་ཐད་གཏོགས་ཚན་པའི་འགན་རིམ་དང་གོ་གནས་གྲངས་ཚད་སྤྱོད་ཚད་96%དང་70%སོ་སོར་ཟིན་ཡོད།
དཔྱད་ཞིབ་ཡར་སྐུལ་ལ་མཐོང་ཆེན་བྱས་ཤིང་། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་གང་ལེགས་བཏོན་ཏེ་ལོ་འཁོར་གྱི་དཔྱད་ཞིབ་བྱས་འབྲས་དེ་ལས་བྱེད་པ་གོ་གནས་སྤོར་བ་དང་། འགན་རིམ་གནས་སྤོར། སྔོན་ཐོན་དང་ཕུལ་བྱུང་འདེམས་པ། སློབ་གསོ་གསོ་སྦྱོང་། ལས་གནས་བརྗེ་རེས་བཅས་ཀྱི་དཔྱད་གཞི་གལ་ཆེན་ལ་བརྩི་བ་དང་གཞུང་ཞབས་པ་དང་བྱ་གཞན་ཚན་པའི་ལས་བྱེད་པར་དཔྱད་ཞིབ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། 2022ལོར་གཞུང་ཞབས་པ་194དང་། བྱ་གཞག་ཚན་པའི་ལས་བྱེད་པ་159 གཞུང་ཞབས་པའི“བྱས་རྗེས་རིམ་པ་གསུམ་པ”འཇོག་མཁན་19བཅས་ལ་གཟེངས་བསྟོད་བྱས་པ་རེད།
ལས་ཀར་དོ་ཁུར་བྱས་ནས་ངར་ཤུགས་འཕེལ་བར་བྱས་པ།
རྒྱུན་རྣམ་སློབ་གསོར་ཤུགས་སྣོན་བརྒྱབ་ཅིང་། ཏང་ཨུད(ཏང་ཙུའུ)ཀྱི་ཚོགས་འདུ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས“གཅིག་སྡུད་སློབ་ཁྲིད་དང་ཞིབ་བསྡུར་སློབ་ཁྲིད་ཟུང་འབྲེལ”དང“སློབ་ཁང་སློབ་ཁྲིད་དང་ལག་ལེན་སློབ་ཁྲིད་ཟུང་འབྲེལ”སོགས་ཀྱི་བྱེད་ཐབས་སྤྱད་དེ། ཏང་གཤིས་སློབ་གསོ་དང་སྲིད་གཙང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད།
ཆེད་དོན་སློབ་གསོར་ཤུགས་སྣོན་བརྒྱབ་ཅིང་། “ནང་དུ་འདྲེན་པ་དང་ཕྱིར་སྐྱོད་རྒྱུ་ཟུང་འབྲེལ”དང“རང་སར་སློབ་སྦྱོང་དང་ཕྱིར་ལྟ་བར་སྐྱོད་རྒྱུ་ཟུང་འབྲེལ”མཐའ་འཁྱོངས་ཀྱིས་རྫོང་ཨུད་ཏང་གི་སློབ་གྲྭའི་གཡུལ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ནས། ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་། ཉེན་མེད་ཐོན་སྐྱེད་སོགས་བརྗོད་དོན་གཙོ་བོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་44གཉེར་བར་ཏང་ཡོན་དང་ལས་བྱེད་པ་མི་ཐེངས་4000ལྷག་ཙམ་ལ་སྦྱོང་བརྡར་ཐེབས་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སློབ་གསོའི་ལས་སྟེགས་ལ་བརྟེན་ནས། ལས་བྱེད་པ་མི་ཐེངས་360ལྷག་ཙམ་གྲོང་ཁྱེར་དང་རྫོང་བསྒྲལ་ནས་གསོ་སྦྱོང་ལ་མངགས་པ་དང་མི་ཐེངས་440ལྷག་ཙམ་ལྗོངས་ཕྱིའི་གསོ་སྦྱོང་ལ་མངགས་པས་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།
ལག་ལེན་སློབ་གསོར་ཤུགས་སྣོན་བརྒྱབ་ཅིང་། ལས་བྱེད་པ་ལས་གནས་སུ་སྦྱོང་བརྡར་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། སྔ་རྗེས་སུ་གསོ་སྐྱོང་གི་བར་མཐོངས་ཆེ་བའི་ཕུལ་བྱུང་གི་ལས་བྱེད་པ་9པེ་ཅིང་དང་ཅང་སུའུ་རུ་ལྟ་སྐོར་གསོ་སྦྱོང་ལ་མངགས་པ་དང་། གསོ་སྐྱོང་གི་བར་མཐོངས་ཆེ་བའི་ཕུལ་བྱུང་ལས་བྱེད་པ་10ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་སྙིང་སྟོབས་སྦྱོང་བརྡར་བྱེད་པར་མངགས་པ། གསོ་སྐྱོང་གི་བར་མཐོངས་ཆེ་བའི་ཕུལ་བྱུང་ལས་བྱེད་པ་13གྲོང་ཁྱེར་རིམ་པའི་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་གྱི་འཐབ་ས་དང་པོར་འཇོན་ཐང་ཆེ་རུ་གཏོང་བར་མངགས་པ། གསོ་སྐྱོང་གི་བར་མཐོངས་ཆེ་བའི་ཕུལ་བྱུང་གི་ལས་བྱེད་པ་215གྲོང་ཚོར(གྲོང་ལྷན)བཅའ་སྡོད་བྱེད་པར་མངགས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད།
མི་ཆོས་ལ་དོ་ཁུར་བྱས་ནས་མི་སེམས་དྲོ་བར་བྱས་པ།
འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ཞིང་། གཞི་རིམ་ལ་དྲོ་སྐྱིད་སྦྱིན་པའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་མ་དངུལ་སྒོར་ཁྲི་8020ལྷག་ཙམ་སྤྱི་འདོམས་བྱས་ཏེ། དྲོད་རླངས་དང་གསོ་རླུང་མཁོ་འདོན་སྒྲིག་ཆས་བསྐྲུན་པར་སྐུལ་འདེད་བཏང་བ་དང་། སྒོར་ཁྲི་1200བཏང་ནས་ལས་བྱེད་པ་དང་ལས་བཟོའི་བོགས་གཏོང་གཞུང་ཁང་48གསར་སྐྲུན་བྱས་པ། སྒོར་ཁྲི་1372བཏང་ནས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་ལས་ཤག་དང་དེ་བཞིན་ལས་སྒོའི་ཁང་པ་སྒྱུར་བཀོད་བྱས་པ། སྒོར་ཁྲི་68བཏང་ནས་ཤང་2དང་འབྲི་གུང་མཐིལ་དགོན་སྡེ་དོ་དམ་ཨུ་ལྷན་གྱི“ལས་བཟོའི་ཁྱིམ་ཚང”དང“ལས་བཟོའི་དེབ་ཁང”བསྐྲུན་ནས་སྒྲིག་ཆས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ཡོད།
ལས་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ཅིང་། ལས་བྱེད་པའི་ཉམས་མྱོང་དང་། བདེ་ཐང་། གཞིས་ཆགས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་མཐིལ་རྟོགས་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་སྔ་རྗེས་སུ་ས་བབ་མཐོ་དམའ་མི་གཅིག་པའི་ལས་ཐོག་ལས་བྱེད་པ་47ལས་གནས་བརྗེ་རེས་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་གྱི་སྤུན་ཟླའི་རྫོང་དང་ཆུས་ནས་ལས་བྱེད་པའི་བཟའ་ཟླ་6ལས་བསྒྱུར་བྱས་པར་བརྟེན་ལས་བྱེད་པའི་བཟའ་ཚང་ལོགས་སྡོད་དང་གཟུགས་པོར་ལྟ་རྟོག་སོགས་ཀྱི་དཀའ་ངལ་དངོས་ཚད་གཞི་ངེས་ཅན་ཞིག་ནས་ཐག་གཅོད་ཐུབ་ཡོད།
བདེ་ཐང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ཅིང་། ལས་བྱེད་པ་དང་ལས་བཟོར་གཟུགས་པོ་བརྟག་དཔྱད་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་ལོ་རེར་ལས་བྱེད་པ་དང་ལས་བཟོར་གཟུགས་པོ་བརྟག་དཔྱད་བྱེད་ཚད་99%ཟིན་པ་དང་། སེམས་ཁམས་བདེ་ཐང་གི་ཚན་རིག་ཁྱབ་གདལ་འཆད་ཁྲིད་དང་གཟུགས་པོ་བདེ་ཐང་གི་སྐོར་སྐྱོད་འོས་འགན་སྨན་བཅོས་སོགས་བྱེད་སྒོ་ཐེངས་44སྤེལ་བ་དེ་ལས་བྱེད་ལས་བཟོ་ཚང་མར་ཁྱབ་པ། གྲོང་སྡོད་ལས་བྱེད་པར་གཅེས་སེམས་སྨན་སྒམ་སྤྲད་པ། ལས་བྱེད་པ་དང་ལས་བཟོ་175ཁག་ཐེངས་5ལ་དབྱེ་ནས་ལྗོངས་ཕྱིར་སྨན་བཅོས་དང་། ངལ་གསོ། ལུས་གསོ་བཅས་ལ་མངགས་པ། ནོར་སྲིད་མ་དངུལ་སྒོར་ཁྲི་249བཏང་ནས་ལོ་གཉིས་བསྟུད་མར་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོར་ཚོགས་པའི་ལས་རྨས་འགན་བཅོལ་ཉོས་ཏེ་ལས་བྱེད་པ་3ལ་གུན་གསབ་དངུལ་སྒོར་ཁྲི་140སྤྲད་ཡོད།