《ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས》
(2020ལོའི་ཟླ་12ཚེས་24ཉིན་དང་ཚེས་25ཉིན)
《ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གནང་བའི་གསུང་བཤད་ཀྱི་གཙོ་གནད་རེད། རྩོམ་ཡིག་ནང་བསྟན་དོན། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་ཡིན་ལ། རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་ཡང་རེད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཡུན་རིང་སྐུལ་འདེད་གཏོང་བར། ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཐད་ནས་གནད་དོན་ལ་ལྟ་མཁས་པ། ཆབ་སྲིད་ཀྱི་སྤྱི་ཡོངས་ལ་སྟངས་འཛིན་མཁས་པ་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)