དབུ་ཤོག>ཆེད་སྒྲིག>ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད།>དོ་གནད།
  • ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་སྲིད་དོན་ཞབས་ཞུའི་ནུས་ཕྱོད་ཆེ་རུ་བཏང་བ།

    —— ལྷོ་ཁ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་སྔར་བས་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུལ་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    འདི་ནི་མང་ཚོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ལས་སྒོ་གཉེར་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ལྷོ་ཁ་གྲོང་ཨུད་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་སྔར་བས་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཙོ་འགན་གཙོ་ལས་དང་། དངོས་ཐོག་བདེན་འཚོལ། དངོས་འཛིན་དངོས་སྒྲུབ་བཅས་ལ་དམིགས་པ་བཅས་བྱས་ནས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་ཞབས་འདེགས་དེ་བས་ལེགས་པར་ཞུ་བ་དང་སྲིད་དོན་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    ཚུགས་གནས་མཐོ་རུ་བཏང་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པ“གྲོས་གཞི་ཨང་དང་པོར”བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། འདི་ལོ་ཚུན་དུ་གཅིག་སྡུད་སློབ་སྦྱོང་ཐེངས་60བྱས་པ་དང་། ལས་བྱེད་པ་མི་ཐེངས་50གསོ་སྦྱོང་ལ་འདེམས་གཏོང་བྱས་པ། གྲོང་ཁྱེར་དེ་ཡོངས་སུ་ལས་སྒོའི་གསོ་སྦྱོང་དུས་ཐེངས་གསུམ་གཉེར་བ་བཅས་བྱས་པ་རེད།

    འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཀའི་ཇུས་གཞི་བཟོས་ནས་རིམ་པ་གཅིག་གིས་གཅིག་ལ་དམ་འཛིན་དང་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་པ་དང་། དུས་མཚུངས“ལས་ཀ་བྱེད་མི་འདོད་པ་དང་། འགན་འཁྲི་འཁུར་མི་ཕོད་པ། བརྩོན་སེམས་མེད་པ། བདེན་པ་བདེན་ཐུག་མིན་པ། གུས་སྐྲག་མི་ཤེས་པ”བཅས་ཕྱོགས་ལྔའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ནས་རང་བཤེར་རང་བཅོས་བྱས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སྤྱོད་ཚུལ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་གནད་དོན་ཁག་5བཙལ་བ་དང་སྒྲིག་སྲོལ་དང་ལམ་ལུགས་34འཛུགས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་ཤུགས་ཆེན་བཏང་ནས་བརྟག་དཔྱད་ཞིབ་འཇུག་ཐེངས་20བྱས་པ་དང་ལས་ཡུལ་དངོས་སུ་གནད་དོན་ཁག་4ཐག་གཅོད་བྱས་པ་རེད། སྐར་ཁུང་ཞབས་ཞུའི་མི་སྣར“སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ཞབས་ཞུ་ལེགས་སུ་གཏོང་བ། ལས་ཕྱོད་ཆེར་གཏོང་། གཟུགས་བརྙན་གཏོད་པ”བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ལམ་ལུགས་ལག་བསྟར་ནན་པོ་མི་བྱེད་པ་དང་། ཞབས་ཞུའི་རྣམ་འགྱུར་ཡག་པོ་མེད་པ། ལས་སྒོ་གཉེར་བའི་སྤུས་ཚད་ཡག་པོ་མེད་པ། སྒྲིག་ཁྲིམས་ནན་པོ་མེད་པ་སོགས་ཀྱི་གནད་དོན་ཁག་32གསེད་བཀྲོལ་བྱས་ནས་གནད་དོན་ཁག་27དག་ཐེར་བྱས་པ་དང་། གནད་དོན་ཁག་5དག་ཐེར་བྱེད་བཞིན་ཡོད། ཆེད་དོན་བཅོས་སྒྲིག་བྱས་པ་བརྒྱུད་ལས་བྱེད་པའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    དངོས་འཛིན་དངོས་སྒྲུབ་བྱས་ཏེ་དམངས་ཕན་ཞབས་ཞུའི་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

    《ལྷོ་ཁ་གྲོང་ཁྱེར་གྱི་སྲིད་འཛིན་ཆོག་འཐུས་དོན་ཚན་གྱི་གསལ་ཐོ》ཁག་318དང《2023ལོའི་ལྷོ་ཁ་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུ་ཆད་རུང་དོན་ཚན་གྱི་གསལ་ཐོ》ཁག་216བཟོས་པ་མ་ཟད། སྲིད་གཞུང་གི་གཙོ་ཆེའི་དྲ་ཚུགས་སུ་ཁྱབ་བསྒྲགས་ཀྱང་བྱས་ནས་དོན་ཚན་གྱི་གསལ་ཐོ་ཚད་ལྡན་དུ་བཏང་བ་རེད། མིག་སྔར་ཆད་རུང་བདག་སྤྲོད་སྒྲུབ་གཉེར་བྱེད་ཚད་249ཟིན་ནས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་ཉུང་དུ་ཕྱིན་ཡོད་པ་རེད།།

    ལག་ཁྱེར་ཉུང་གཏོང་གི་དམངས་ཕན་ཆེད་དོན་བྱ་སྤྱོད་སྤེལ་ནས་གྲོང་ཁྱེར་དེ་ཡོངས་སུ་ར་སྤྲོད་དོན་ཚན་ཁག་454ཉར་ཚགས་བྱས་པ་དང་དོན་ཚན་ཁག་457མེད་པར་བཟོས་ནས་ལག་ཁྱེར་ཉུང་དུ་གཏོང་ཚད་50%ཟིན་པ་དེས་ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་དང་སྲིད་དོན་ཞབས་ཞུའི་ལས་ཕྱོད་ཆེ་རུ་ཕྱིན་ཡོད་པ་རེད།

    སྐར་ཁུང་མི་སྣའི་ལས་ཞུགས་ཞིབ་བཤེར་དང་། ABལས་གནས། ཐེངས་གཅིག་རང་བཞིན་གྱི་གསལ་བཤད་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་སྐར་ཁུང་ཞབས་ཞུ་ཚད་ལྡན་དུ་བཏང་ཞིང་། སྐར་ཁུང་དུ་བང་སྒྲིག་ཨང་འབོད་མ་ལག་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་། མང་ཚོགས་ཀྱིས་ཨང་ཀི་བླངས་ནས་ལས་དོན་སྒྲུབ་པར་ཁྲིད་སྟོན་བྱས་པ། ལས་སྒྲུབ་སྒྲིག་ལམ་ཚད་ལྡན་དུ་བཏང་བ་བཅས་བྱས་ནས་མང་ཚོགས་ཀྱིས་ལས་དོན་སྒྲུབ་སྐབས་བང་རིང་པོ་སྒྲིག་དགོས་པའི་གནད་དོན་ཐག་གཅོད་བྱས་པ་རེད། “དོན་དག་བསྒྲུབ་མི་ཐུབ་པའི”གོང་ཞུ་བྱེད་སའི་སྐར་ཁུང་བཙུགས་ཏེ་ཁེ་ལས་དང་མང་ཚོགས་ལ་དོན་དག་སྒྲུབ་པར་ཐ་སྐྱོང་ཞབས་འདེགས་ཞུས་ཡོད།

    “520ནི་ང་ཚོའི་སེམས་ནང་གི་གཉེན་སྒྲིག་ཐོ་འགོད་ཀྱི་ཉིན་མོ་ཡག་ཤོས་ཤིག་ཡིན་མོད། འོན་ཀྱང་ཉིན་དེར་ཏག་ཏག་རེས་གཟའ་སྤེན་པ་རེད་འདུག བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་དེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་ང་ཚོར་ཆེད་མངགས་ཐོ་འགོད་ཞབས་འདེགས་ཞུས་པས། ཁོང་ཚོས་སྙིང་ཉེ་བའི་ཞབས་ཞུ་འདི་ལྟ་བུ་སྒྲུབ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གཉེན་སྒྲིག་ལག་ཁྱེར་བླངས་མ་ཐག་པའི་མཁྱེན་ལྡན་མ་ལིའུ་ལགས་ཀྱིས་སེམས་འགུལ་ཐེབས་བཞིན་དུ་བཤད། འདི་ལོའི་ཟླ་5ཚེས་20ཉིན་ནི་རེས་གཟའ་སྤེན་པ་ཡིན་ཡང་། ལྷོ་ཁ་གྲོང་ཁྱེར་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱིས་ངལ་གསོ་དོར་ནས་གཉེན་སྒྲིག་ལས་སྒོ་དྲོ་སྐྱིད་ལྡན་པའི་ངང་གཉེར་བའི་བྱེད་སྒོ་སྤེལ་བར་ཉིན་དེར་གཉེན་སྒྲིག་བྱེད་མཁན་བསྡོམས་21བྱུང་ཡོད།

    ཁ་ཕྱོགས་གནད་འཁེལ་བཙལ་ནས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཞབས་ཞུའི་ལས་ཕྱོད་ཆེ་རུ་བཏང་བ།

    ལྷོ་ཁ་གྲོང་ཁྱེར་གྱིས《གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་འོས་འདེམས་ས་ཆ་སྔོན་མངགས་ཀྱི་ངེས་བྱ》བཟོས་འགྲེམས་བྱས་ཏེ་ས་ཆ་སྔོན་མངགས་ཚད་ལྡན་དུ་བཏང་ཞིང་། གཙོ་གནད་རྣམ་གྲངས་ཀྱི་ས་ཆ་སྔོན་མངགས་བྱེད་པའི་ཐོགས་མེད་བགྲོད་ལམ་བཏོད་དེ་འོས་སྐུལ་འོས་དཔོད་ཀྱི་ཆ་རྐྱེན་འཛོམས་པའི་རྣམ་གྲངས་ལ་འོས་སྐུལ་འོས་དཔོད་ཀྱི་ལྷུ་ཚིགས་ལས་དོན་འཕྲལ་མར་སྤེལ་ནས་རྣམ་གྲངས་ལ་དུས་ཐོག་ཏུ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་ཡོང་བར་འགན་ལེན་བྱས་ཤིང་། འདི་ལོ་ནས་བཟུང་རྣམ་གྲངས་ཉོ་ཚོང་ཁག་ཐེངས་1016ལེགས་སྒྲུབ་བྱས་པ་དེའི་ནང་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་ཐེངས་120ཡོད་པ་དང་ལེགས་སྒྲུབ་བྱེད་ཚད་100%ཟིན་ཡོད།

    འོས་སྐུལ་གསལ་བསྒྲགས་བྱེད་རིང་གི་བརྒྱུད་རིམ་ཧྲིལ་པོར་ཐོ་འགོད་དང་དཔང་པོ་བྱེད་པའི་ལས་དོན་ལ་ཆེད་མངགས་འགན་འཁུར་མཁན་བཀོད་སྒྲིག་བྱས་ནས་དུས་ཐོག་ཏུ་ཡིག་ཚགས་ནང་བཅུག་པ་དང་ཉོ་ཚོང་བརྒྱུད་རིམ་བརྙན་ཕབ་ཟིན་ཐོ་བཀོད་ཡོད། འོས་འདེམས་ཁུལ་ལ་དོ་དམ་ནན་པོ་བྱས་ནས་འོས་འདེམས་བྱེད་རིང་ཚོགས་རའི་ནང་གི་བརྡ་རྟགས་སྒྲིབ་པ་དང་། ཚབ་གཉེར་སྒྲིག་གཞི་འོས་འདེམས་ཁུལ་དུ་འཛུལ་མི་ཆོག་པ། འོས་འདེམས་སྒྲིག་ལམ་སྔར་བས་སྲུང་བ་བཅས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་མི་ཐོན་པར་བྱས་ཡོད།

    “དྲ་གཅིག་ལས་སྟེགས་གསུམ”(སྤྱི་པའི་ཐོན་ཁུངས་ཉོ་ཚོང་དྲ་བ་དང་། ཉོ་ཚོང་ལས་སྟེགས། ཞབས་ཞུའི་ལས་སྟེགས། ལྟ་སྐུལ་ལས་སྟེགས)ལ་བརྟེན་ནས་འོས་འདེམས་རྣམ་གྲངས་དྲ་ཐོག་ནས་དཔྱད་ཡིག་འབུལ་བ་དང་། དྲ་ཐོག་ནས་ཞིབ་བཤེར་བྱེད་པ། དྲ་ཐོག་ནས་འོས་འདེམས་བཅས་བྱས་ཏེ་འོས་སྐུལ་འོས་དཔོད་རྣམ་གྲངས་ཚང་མ་དྲ་ཕྱིར་ཉོ་ཚོང་བྱེད་པ་ནས་དྲ་ཐོག་ཉོ་ཚོང་བྱེད་པའི་བར་འགྱུར་ལྡོག་བྱུང་བས། སྤྱི་པའི་ཐོན་ཁུངས་ཉོ་ཚོང་བྱ་སྤྱོད་དེ་ཕྱི་གསལ་ནང་གསལ་ཁྲོད་བཀོལ་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    ཧུའུ་པེ་ཞིང་ཆེན་དང་། ཝུའུ་ཧན་གྲོང་ཁྱེར། ཁྲང་ཧྲ་གྲོང་ཁྱེར། ཝུའུ་ཧུའུ་གྲོང་ཁྱེར། ཧོང་ཧྲི་གྲོང་ཁྱེར། ཧོའེ་པེ་གྲོང་ཁྱེར། ཝུའུ་ཧན་གྱི་ཆུས་གཉིས་བཅས་ས་ཁུལ་8དང་ཡུལ་གཞན་ནས་རྒྱང་མཐོང་གི་འོས་འདེམས་མཉམ་ལས་ལམ་སྲོལ་བཙུགས་ནས་རང་སྐྱོང་ལྗོངས་དང་སྤུན་ཟླའི་གྲོང་ཁྱེར་གྱི་རྣམ་གྲངས་ཕན་ཚུན་དཔྱད་བསྡུར་བྱས་ཏེ་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་དང་ལྷོ་ཁ་གྲོང་ཁྱེར་གྱི་འོས་འདེམས་རིགས་གཅིག་མཁས་ཅན་མི་འདང་བའི་གནད་དོན་ཞི་ལྷོད་དུ་བཏང་ཡོད། འདི་ལོ་ཚུན་ཡུལ་གཞན་ནས་རྒྱང་མཐོང་གི་འོས་འདེམས་ཁག་ཐེངས་106བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།