• གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི“མཐའ་མཚམས་ཀྱི་དཔེ་མཚོན”བཏོད་པ།

    —— ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

     འདི་ནི་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་སྒོ་འགྲམ་དུ་དྲ་མིག་ཅན་གྱི་ཞབས་ཞུའི་གཱ་སྦྱོར་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས“ཕ་ཡུལ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པའི”འགྱུར་མེད་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་བསྟར་དང་། ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ཁྱིམ་ཚང་གི་མི་རབས་གཉིས་ཀྱི་མིག་དཔེའི་སྟོབས་ཤུགས་འདོན་སྤེལ་ཧུར་ཐག རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་གཏིང་ཟབ་བཅས་བྱས་ཏེ། “ལྷག་བསམ་དག་པོས་འགན་འཁྲི་ཁུར་ཏེ་མཐའ་མཚམས་སྲུང་བ་དང་ཉེན་རྟོག་པ་དང་མི་དམངས་ཀྱིས་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བའི”གསར་བརྗེའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།

    A

    རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངཌ་གཏོང་ཁང”ཁག་གཉིས་པའི་ངོས་ནས། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས“རྨང་གཞི་བརྟན་གཏོང་དང་། ཁྱད་ཆོས་མངོན་གསལ་དོད་པ། དུས་བསྟུན་འབད་བརྩོན། གསར་གཏོད་འཕེལ་རྒྱས”བཅས་ཀྱི་མཛུབ་ཁྲིད་རྩ་དོན་ལག་བསྟར་ནན་ཏན་བྱས་ཏེ། “མི་རིཌ+”ཁྱད་ལྡན་ལག་ལེན་བྱེད་སྒོ་ཟམ་མི་ཆད་པར་སྤེལ་ནས“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངཌ་གཏོང་ཁང”གི་བྱས་རྗེས་གསར་པ་དང་། འགན་འཁྲི་གསར་པ། གཟུགས་བརྙན་གསར་པ་བཅས་ཕྱོགས་ཡོངས་ནས་བཏོད་དེ། ལོ་གསུམ་གྱི་འཆར་གཞིའི་ལོ་དང་པོའི“ཧྥེང་ཆའོ་ལོ”འཛུགས་སྐྱོང་སྐས་རིམ་གསར་པར་སླེབས་པ་དང་ཚད་བརྒལ་གསར་པ་བྱུང་ཡོད།

    ཡུལ་བབ་དམངས་འདུན་དང་། འགལ་ཟླ་དང་རྩོད་གཞི། གནད་དོན་གྱི་ཁུངས་སྣེ་བཅས་གྲལ་བཤེར་དང་སེལ་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས“སེམས་རྣལ་དུ་ཕབ་པ་དང་། བློ་གཤོག་ཡངས་པ། ངང་རྒྱུད་རིང་བ”བཅས་ཀྱི་འདུམ་འགྲིག་ཁང་བཙུཌ་ནས་མང་ཚོགས་ལ“མང་ཚོགས་་དང་མཉམ་དུ་སྡོད་པ་དང་། སྐད་ཆ་ཤོད་རེས། བློ་སྒོ་འབྱེད་པ”བཅས་ཀྱི་བྱ་ཐབས་སྤྱད་དེ་འགལ་ཟླ་སྣ་ཚོགས་གཤིས་རྒྱུད་འཇམ་པོས་བསལ་ཡོད། “གྲལ་བཤེར་གྱི་སྔོན་ལ་སྔོན་འགོག་བྱེད་པ་དང་། འདུམ་འགྲིག་གི་སྔོན་ལ་གྲལ་བཤེར་བྱེད་པ། གནད་དོན་ཛ་དྲག་ཏུ་མ་ཕྱིན་གོང་འདུམ་འགྲིག་བྱེད་པ”བཅས་ཀྱི་འབྱུང་རྩ་ནས་འདུམ་འགྲིག་བྱེད་པའི་འདུ་ཤེས་བཟུང་ནས་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཁྱིམ་མཚེས་ཀྱི་རྩོད་གཞི་དང་ཁྱིམ་ཚང་གི་རྩོད་གཞི་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ་ཐོན་མ་ཐག་དུས་ཐོག་ཤེས་རྟོགས་དང་། ཆ་འཕྲིན་འཚོལ་བསྡུ། ཉེན་ཁ་སྔོན་འགོག འགལ་ཟླ་སེལ་བ། མངོན་མེད་རྐྱེན་ངན་སེལ་བ། འགལ་ཟླ་སྣ་ཚོགས་སྔོན་འགོག་བཅས་བྱས་ནས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གནད་དོན་གཞི་རིམ་དུ་ཐག་གཅོད་དང་། ཁོངས་གཏོཌ་ཁུལ་དུ་ཐག་གཅོད། ཐོན་མ་ཐག་ནས་ཐག་གཅོད་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི“རིགས་དབྱེ་དོ་དམ་དང་། ཁག་བགོས་འགན་འཁུར། རིམ་དབྱེ་སེལ་བ”བཅས་ཀྱི་དོ་དམ་ཚོད་འཛིན་ཐུབ་པར་བྱས་ཡོད།

    B

    ཁོངས་གཏོགས་ཁུལ་གྱི་གཞི་རྩའི་ཆ་འཕྲིན་གྱི་གློག་རྡུལ་ཡིག་ཚགས་འཐུས་སྒོ་ཚང་དུ་བཏང་ནས“དམངས་དོན་ཡིག་ཚགས་དང་། དམངས་དོན་ཉིན་ཐོ། དམངས་དོན་རྩ་གཉིས་ཨང་རྟགས”བཅས་ཀྱི་དོ་དམ་མཛོད་བཙུགས་ནས“ཁུག་མ་ཁྱེར་ནས་ཉེན་དོན་བྱ་བ་སྒྲུབ་པའི”བྱ་ཐབས་ཁྱབ་གདལ་བཏང་སྟེ། མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བསལ་བས་གཞི་རིམ་བཅོས་སྐྱོང་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཞིང་། ཁོངས་གཏོགས་ཁུལ་དུ་ལོ་12བསྟུད་མར་ཉེས་དོན་གྱོད་གཞི་ཐོན་མེད་པས“བདེ་འཇགས་ཡག་པ་དང་། གྱོད་གཞི་ཐོན་ཉུང་བ། འདུམ་འགྲིག་མགྱོགས་པ། ཞབས་ཞུ་ལེགས་པ”བཅས་མཐའ་མཚམས་ཕྱོགས་བསྡུས་བཅོས་སྐྱོང་གི་རྒྱུན་རྣམ་གསར་པར་གྱུར་ཡོད།

    “དམངས་ཀྱི་གནས་ཚུལ་འདྲི་བ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། འགལ་ཟླ་སེལ་བ། ཉེན་ཁ་འགོག་པ། གནད་དོན་ཞིབ་བཤེར། ཟང་ཟིང་བཅོས་སྐྱོང”བཅས་ནང་དོན་གཙོ་བོར་བྱས་ནས། དྲ་མིག་ཅན་གྱི་དམངས་ཕན་ཞབས་ཞུའི་གཱ་ལ་བརྟེན་ནས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་དུ་བཏང་སྟེ་རྒྱུན་གཏན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་ལས་ཕྱོད་ཆེ་རུ་བཏང་ཡོད། མིག་སྔར་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་ཁྱོན་དྲ་མིག་དམངས་ཕན་ཞབས་ཞུའི་གཱ་70ལྷག་ཙམ་སྦྱར་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚང་མར་ཁྱབ་པར་བྱས་ཡོད། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་གཞི་རྟེན་དུ་བྱས་ནས་ཞབས་འདེགས་ཞུ་སྟངས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ། མང་ཚོགས་དོན་དག་སྒྲུབ་པའི་ཐབས་ལམ་སྔར་བས་ཤར་བགྲོད་ཐུབ་པ་དང་དམངས་ལ་བྱ་བ་སྒྲུབ་པའི་ལས་ཕྱོད་ཆེ་རུ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས“དུས་བདེའི་ཡུལ་སྨད”འཛུགས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    C

    ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་ཡུལ་སྨད་ཤང་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ“གཅེས་སེམས་ཞལ་འདེབས་ལས་སྟེགས”བསྐྲུན་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མི་ཚང་མ་སྤྱི་ཕན་ལ་ཞུགས་པའི་དར་སྲོལ་བཟང་པོ་ཞིག་ཆགས་པར་སྣེ་ཁྲིད་བྱས་ཡོད། འདི་ལོ་ཚུན་དུ་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣ་དང་འབྲེལ་བ་ཧུར་ཐག་བྱས་ནས་ཡུལ་སྨད་ཤང་སློབ་ཆུང་གི་སློབ་མར་དགུན་ཁའི་སློབ་གོས་དང་དེ་བཞིན་དཔེ་དེབ་དང་ཡིག་ཆས་སྣ་ཚོགས་150ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་སྔར་ཡོད་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་རྨང་གཞིའི་ཐོག་སླར་ཡང་འབད་བརྩོན་བྱས་ནས“ཉེན་རྟོག་དཔུང་སྡེ་དང་བཅའ་ཁྲིམས་ཁོངས་གཏོགས་མཐུན་སྦྱོར་བྱེད་པའི”ལས་སྟེགས་ལ་བརྟེན་ནས་སྲིད་འཛིན་དང་། དམངས་དོན་དང་། དེ་བཞིན་བཅའ་ཁྲིམས་དང་འབྲེལ་བ་ཡོད་པའི་ལས་གནས་ཀྱི་ཆེད་ལས་ཁྲིམས་རྩོད་པ་གསུམ་མངཌ་གཏོང་ཁང་གི་སྤྱི་ཕན་རང་བཞིན་གྱི་བཅའ་ཁྲིམས་བློ་འདྲི་བར་གདན་དྲངས་ཏེ། མང་ཚོགས་ལ་དྲ་ཐོག་གི་རིན་མེད་བཅའ་ཁྲིམས་བློ་འདྲི་དང་འདུམ་འགྲིག་ཞབས་འདེགས་ཞུས་ནས་འགལ་ཟླ་དང་རྩོད་གཞི་སེལ་བའི“མེ་འགོག་གྱང”བསྐྲུན་ཡོད།

    སྤྱི་ཚོགས་བཅོས་སྐྱོང་གི་བྱ་ཐབས་ཡག་ཤོས་ནི་འགལ་ཟླ་བསལ་ནས་ཉེན་ཁ་མ་ཐོན་པ་བྱེད་རྒྱུ་དེ་རེད། “ང་ཚོས‘ཧྥེང་ཆའོ་རྣམ་པའི་ལས་ཀ་བྱ་ཐབས’ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་མཐའ་མཚམས་ཁུལ་གྱི་འགལ་ཟླ་དང་རྩོད་གཞི་གཅིག་འཐུས་རྣམ་པའི་བདག་སྤྲོད་དང་། གཞི་གཅིག་ཅན་གྱི་འདུམ་འགྲིག སྡེབ་གཅིག་ལ་ཐག་གཅོད་བཅས་བྱས་ནས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ‘ཧྥེང་ཆའོ་ཡི་ཉམས་མྱོང’གི་ཡུལ་སྨད་ཀྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན”ཞེས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་དབན་ལི་ཡིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།