དབུ་ཤོག>ཆེད་སྒྲིག>སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད།>གསར་འགྱུར་ནང་དོན།
  • སྤྱོད་ཚུལ་བཟང་པོ་ལས་ལྷག་བསམ་རྣམ་དག་དང་འགན་འཁུར་སེམས་པ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    བཙོན་ཁང་གི་མི་དམངས་ཉེན་རྟོག་པ་ནི་སྤྱིར་བཏང་ཡིན་ལ་དམིགས་བསལ་གྱི་ཚོགས་སྤྱི་ཞིག་ཀྱང་རེད། བོད་རང་སྐྱོང་ལྗོངས་བཙོན་ཁང་དུ་བཅར་འདྲི་བྱེད་སྐབས་མྱོང་ཚོར་ཟབ་ཤོས་ནིབཙོན་པ་དང་ཁོང་ཚོའི་ནང་མིས་ཕུལ་བའི་གོས་དར་དག་རེད། དམར་མདངས་བཀྲ་བའི་གོས་དར་རེ་རེ་ལས་བཙོན་ཁང་གི་ཉེན་རྟོག་པ་ཚོའི་འོད་སྟོང་འཕྲོ་བའི་ཐོག་མའི་བསམ་འདུན་དང་ཏན་ཏན་ཏིག་ཏིག་གི་སྤྱོད་ཚུལ་དངོས་མཚོན་གྱི་ཡོད། བཙོན་ཁང་གི་མི་དམངས་ཉེན་རྟོག་པ་ནི་ཁྲིམས་ཆད་ལག་བསྟར་བྱེད་མཁན་ཡིན་ལ་བཟང་སྐྱོར་མི་སྐྱོང་གི་སློབ་གསོ་བའང་ཡིན། ཁོང་ཚོ་ནི་བཙོན་ཁང་གི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་དམིགས་བསལ་གྱི་བླ་སྲོག་གཏོད་མཁན་ཡིན་ཞིང་། ཁོང་ཚོས་སྙིང་རུས་བརྟན་འཁྱོངས་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་འཆམ་མཐུན་བསྲུངས་ཏེ་ལམ་ནོར་ལྡོག་ཤེས་མཁན་ལ་ལམ་བུ་གསར་པ་བཤངས་བཞིན་ཡོད།

    བཙོན་ཁང་གི་མི་དམངས་ཉེན་རྟོག་པའི་ཉམས་སད་ཐེག་པའི་སྤྱོད་ཚུལ་ཐོག་ནས་ལྷག་བསམ་རྣམ་དག་གི་རང་མདངས་དང་འགན་འཁྲི་འཁུར་སེམས་མཚོན་གྱི་ཡོད། ཁྲིམས་ལྟར་བཙོན་པར་སྒྱུར་བཀོད་བྱས་པའི་ཕན་འབྲས་ནི་བཙོན་ཁང་གི་མི་དམངས་ཉེན་རྟོག་པའི་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ཆུ་ཚད་ལ་ཞིབ་བཤེར་བྱེད་པའི་རྡོ་ཀ་ཞུ་ཁ་ལྟ་བུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།