ཏང་གི་ཤེས་བྱ་སློབ་ཁྲིད་བྱས། ཐོག་མའི་བསམ་འདུན་མཉམ་དུ་གླེང་།
ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཨན་ཧུའེ་ཞིང་ཆེན་ལིའུ་ཨན་གྲོང་ཁྱེར་ཅིན་ཨན་ཆུས་ཏུང་ཧྲི་ཁྲོམ་གཞུང་གི་ཅན་ལའེ་སྡེ་ཁུལ་མཛའ་གྲོགས་ནན་ཡོན་ཁུལ་ཆུང་གི་ཏང་ཀྲི་པུས། “ང་ནི་ཏང་ཡོན་ཡིན། ང་ཡིས་བརྗོད་ཀྱི་ཡིན”ཞེས་པའི་སྒྲོག་འགྲེལ་ཚོགས་པ་བཙུགས་པའི་ཁར། དུས་བཀག་ལྟར་ཁུལ་ཆུང་གི་གྲོང་མིའི་ཁྱིམ་ཚང་དང་། བསིལ་ཁང་། རྒན་གསོའི་ས་ཚིགས་སོགས་སྤྱད་དེ། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཁུལ་ཆུང་གི་ཏང་ཡོན་སྒྲིག་འཛུགས་བྱས་ནས་གྲོང་མིར་གསར་བརྗེའི་གཏམ་རྒྱུད་དང་། ཉེ་འགྲམ་གྱི་མི་བཟང་ལས་བཟང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སོགས་ཀྱི་མྱོང་ཚོར་བརྗོད་པ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཤེས་བྱ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་ནས་ཏང་ཡོན་དང་མང་ཚོགས་ཀྱིས་ཐོག་མའི་བསམ་འདུན་ཐུན་མོང་ཐོག་ཏུ་གླེང་སྟེ། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱིས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་བསལ་ཡོད།