དབུ་ཤོག>ཆེད་སྒྲིག
  • 《ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ》

    (2020ལོའི་ཟླ་1ཚེས་8ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-17

    《ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ནང་བསྟན་དོན། རང་རེའི་ཏང་ནི་ལོ་བརྒྱའི་ཏང་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་གཏོད་པར། ངེས་པར་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་མཐའ་དག་གཙང་སེལ་དང་། ཏང་ནང་ཁུལ་གྱི་རུལ་སུངས་ཀྱི་དུག་རྩ་མཐའ་གཅིག་ཏུ་མེད་པར་བཟོ་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་རྒྱབ་འགལ་དང་ཏང་གི་རྩ་བར་གཡོ་འགུལ་གཏོང་བའི་ཉེན་ཁ་མཐའ་དག་ལ་སེམས་ཐག་གཙང་བཅད་ཀྱིས་འགོག་ཟོན་བཅས་བྱེད་དགོས། གསུང་བཤད་ནང་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་རང་བཞིན་ངང་རྒྱུན་སྐྱོང་ཐབས་བྲལ་བས་ལྷོད་གཡེང་ཤོར་ན་ཉམས་འགྲོ་གི་ཡོད། ཡུན་རིང་དྲན་སྐུལ་མ་བྱས་ན་བརྗེད་འགྲོ་གི་ཡོད། མདུན་ཕྱོགས་སུ་སྐྱོད་བཞིན་དུ་འགྲོ་དགོས་དོན་གང་ཡིན་པ་དང་གང་དུ་འགྲོ་དགོས་མིན་བརྗེད་འགྲོ་གི་ཡོད། ཐ་ན་འགྲོ་རོགས་ཁ་ཐོར་བ་དང་བརླག་འགྲོ་བའི་གནས་ཚུལ་ཡང་ཐོན་སྲིད། དེར་བརྟེན་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྟག་བརྟན་གྱི་དཔྱད་གཞི་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།