དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས》

    (2019ལོའི་ཟླ་10ཚེས་31ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-06

    《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནི་མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་པ། ཀྲུང་ཧྭ་རིག་གནས་ཀྱི་རྨང་གཞི་བརྟན་པོ་ལྡན་པ། མི་དམངས་ཀྱི་བརྩི་བཀུར་ཟབ་མོ་ཐོབ་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་དང་། ཏང་དང་མི་དམངས་ཀྱིས་ཡུན་རིང་འབད་འཐབ་དང་། རྒྱུན་མཐུད་འཚོལ་ཞིབ། དཀའ་བ་གྲངས་མེད་སྤྱད་པ། བློས་གཏོང་ཆེན་པོ་བྱས་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་ཤིག ཕྱོགས་མང་པོའི་ཐད་མངོན་གསལ་དོད་པའི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་ལག་ལེན་དངོས་ཀྱི་གྲུབ་འབྲས་ཤིག་ཡིན་པས་ངེས་པར་དུ་གཅེས་འཛིན་ལྡབ་བརྒྱ་དང་། གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས། དུས་བསྟུན་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་ལམ་ལུགས་ལེགས་ཆ་རྒྱུན་ཆད་མེད་པར་རྒྱལ་ཁབ་བཅོས་སྐྱོང་གི་ཕན་འབྲས་ལ་དེ་བས་ལེགས་པོས་འགྱུར་བར་བྱེད་དགོས། རྩོམ་ཡིག་ནང་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཚགས་དམ་ཞིང་ཆ་ཚང་བའི་ཚན་རིག་ལམ་ལུགས་ཀྱི་མ་ལག་ཅིག་ཡིན་པས་གདུང་བཞི་ཀ་བརྒྱད་ཀྱི་ནུས་པ་འདོན་མཁན་ནི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་ཡིན་ཞིང་། དེའི་ནང་སྤྱི་འདོམས་ཀྱི་གནས་བབ་ལྡན་པ་ནི་ཏང་གི་འགོ་ཁྲིད་ལམ་ལུགས་རེད།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།