《དུས་རབས་གསར་པའི་ཏང་འཛུགས་སྐྱོང་དང་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས》
(2018ལོའི་ཟླ་7ཚེས་3ཉིན)
《དུས་རབས་གསར་པའི་ཏང་འཛུགས་སྐྱོང་དང་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད།
གསུང་བཤད་ནང་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་གཙོ་གནད་དུ་བཟུང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་སེམས་ཡོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་ལ་འབད་བརྩོན་དང་། རྒྱལ་ཁབ་ལ་དགའ་ཞེན་དང་ལེགས་སྐྱེས་འབུལ་ཐུབ་པའི་ཕྱོགས་ཁག་གི་ཕུལ་བྱུང་གི་ཤེས་ལྡན་པ་བསྡུ་རུབ་ཧུར་ཐག་བྱེད་པ། སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གོང་བཀུར། མཛངས་མི་བསྐོ་གཞག་བཅས་མཐའ་འཁྱོངས་བྱས་ཏེ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་འཁོད་པ་དང་། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ནི་རིགས་པའི་གཞུང་ལུགས་ཡིན་ལ་ལག་ལེན་ཡང་ཡིན་པས། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་ཁྲོད་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)