དབུ་ཤོག>ཆེད་སྒྲིག
  • 《སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས》

    (2019ལོའི་ཟླ་7ཚེས་9ཉིན)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    《སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ནང་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི“སྲུང་སྐྱོང་གཉིས”ལག་ལེན་བསྟར་མཁན་ཨང་དང་པོ་ཡིན་པས། ངེས་པར་དུ་ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱ་རྒྱུ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ཤུགས་ཆེར་གཏོང་བའི་ལས་འགན་ཨང་དང་པོ་རེད། “སྲུང་སྐྱོང་གཉིས”ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ལས་མཚོན་པ་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་མཚོན་པ། ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་གཏམ་གླེང་དང་བྱ་སྤྱོད་ནས་མཚོན་པ་བཅས་བྱེད་དགོས། སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱ་རྒྱུ་དེ་རྩ་བའི་ཐོག་ནས་བཤད་ན། ཏང་ལ་བློ་དཀར་སེམས་དཀར་བྱེད་དགོས་ཏེ། གཅིག་ནས་ཚད་མཐོའི་ཚུལ་མཐུན་གྱི་ངོས་འཛིན་གཅིག་མཐུན་དང་བརྩེ་དུང་གི་ངོས་འཛིན་གཅིག་མཐུན་མཚོན་དགོས་ལ། གཉིས་ནས་སྲུང་སྐྱོང་བྱེད་པའི་ངེས་ཤུགས་དང་ནུས་ཤུགས་ཀྱང་མཐའ་གཅིག་ཏུ་ཡོད་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།