《མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བར་ཐུན་མོང་ཐོག་འབད་འཐབ་བྱེད་དགོས》
(2019ལོའི་ཟླ་1ཚེས་2ཉིན)
《མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བར་ཐུན་མོང་ཐོག་འབད་འཐབ་བྱེད་དགོས》ཞེས་པ་འདི་ནི《སྤུན་ཟླ་ཐའེ་དབན་བར་སྤྲིངས་པའི་ཡི་གེ》འགྲེམས་སྤེལ་བྱས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད།
རྩོམ་ཡིག་ནང་བསྟན་དོན། མེས་རྒྱལ་ངེས་པར་དུ་གཅིག་གྱུར་བྱེད་དགོས་ལ། གཅིག་གྱུར་ཡང་བྱེད་ཐུབ་ངེས་རེད། དེ་ནི་ལོ་བདུན་ཅུ་ལྷག་རིང་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ལ་ལོ་རྒྱུས་ཀྱི་ཆོད་གཏམ་བཞག་པ་ཞིག་དང་། དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། ངོགས་གཉིས་ཀྱི་ཀྲུང་གོ་བ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མི་རིགས་ཀྱི་བདེན་དོན་མཉམ་དུ་འཁུར་བ་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་དང་། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། རྩོམ་ཡིག་ནང་ནན་བཤད་གནང་དོན། གཅིག་གྱུར་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་འགྲོ་ལམ་ཡང་དག་ཅིག་རེད། “ཐའེ་དབན་རང་བཙན”ནི་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་པ་དང་འཆི་ལམ་ཞིག་རེད། ང་ཚོས་ཞི་བས་གཅིག་གྱུར་ཡོང་བར་ཁོར་ཡུག་ཆེན་པོ་བསྐྲུན་འདོད་ཡོད་མོད། འོན་ཀྱང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱ་ངན་ལ་བར་གསེང་གང་ཡང་བསྐྲུན་རྒྱུ་མིན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་ཀྲུང་གོའི་མི་དམངས་དང་མི་རིགས་ཀྱི་བརྩེ་སེམས་དང་འབྲེལ་བ་ཡོད་པས། ཕྱི་ཕྱོགས་ཀྱིས་ཐེ་ཇུས་གང་ཡང་བྱེད་མི་ཆོག
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)