དབུ་ཤོག>ཆེད་སྒྲིག
  • 《དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན》

    (2018ལོའི་ཟླ་8ཚེས་21ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-22

    《དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད།

    གསུང་བཤད་ནང་འཁོད་དོན། དུས་བབ་གསར་པའི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། མཚན་སྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་ཁུར་བ་དང་། ཕུགས་བསམ་དང་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་ཀྱི་ཐད་མི་དམངས་ཡོངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། འགན་འཁྲི་དང་ལས་འགན་དེ་ནི་དུས་བབ་གསར་པའི་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཡིན་ལ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཏུ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་རྩ་བའི་བླང་བྱའང་ཡིན་པས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཅངས་ནས་ལག་བསྟར་ཧུར་ཐག་བྱེད་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།