དབུ་ཤོག>ཆེད་སྒྲིག
  • ཁོང་རྣམ་པས་རྒྱབ་ཤ་དཀར་པོའི་དེབ་ལ་འགྲེལ་བཤད་འདི་ལྟར་བསྐྱོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-13

    ཟླ་11ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ལ་སྔོན་འགྲོ་དང་མཇུག་བསྡུའི་གཏམ་ཕུད་དོན་ཚན་དྲུག་ཡོད་དེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པ། མི་རིགས་ཆོས་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཡར་རྒྱས་འགྲོ་བ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་བཞིན་བརྟན་དུ་སོང་བ། དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་བཅས་རེད།

    ཡོངས་བསྒྲགས་ཚོགས་འདུའི་བཀྲག་མདངས་འཚེར་ས་གཤམ་གསལ།

    ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཀང་གིས་གསུངས་དོན། 2022ལོར་བོད་ལྗོངས་ས་ཁུལ་གྱི་GDPདེ་2012ལོ་ལས་ལྡབ་1.28འཕར་ཡོད།

    ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཀང་གིས་གསུངས་དོན། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ཀྱི་སྟོན་གྲངས་ལོ་མང་རིང་བསྟུད་མར་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཀང་གིས་གསུངས་དོན། བོད་ཀྱི་མི་དམངས་ལ་བདེ་སྐྱིད་ཡོད་མེད་ཁོ་ཚོའི་ངོ་གདོང་ལས་མཐོང་ཐུབ།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གསུངས་དོན། བོད་ལྗོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་8བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གསུངས་དོན། རྒྱལ་ཁབ་མང་པོའི་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་གསར་འགོད་པས་དྲིལ་བསྒྲགས་རྫུན་མར་ཡིད་ཆེས་མི་བྱེད་པར། རང་ཉིད་ངོ་མ་བོད་དུ་ལྟ་བར་འགྲོ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་གསུངས་དོན། བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་100Mཡི་དྲ་ཆེན་འཁྲིད་ཚད་100%ཟིན་ཡོད། 

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་གསུངས་དོན། བོད་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་ཀྱི་ཡོད།

    བོད་ལྗོངས་ཀྱི་རིགས་གཅིག་མཁས་ཅན་ཚོས་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་ལ་ཤེས་རྟོགས་དང་མྱོང་ཚོར་གང་བྱུང་ཡོད་མེད་ལ་གཅིག་གཟིགས་དང་།

    བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་ཞུས་ཝུའུ་ཏ་ཡིས་གསུངས་དོན། བོད་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད། མི་འབོར་དབུལ་པོ་ཁྲི་26.6བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་ཡོད།

    བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དང་འབུམ་རམས་པ་པད་མ་མཚོས་གསུངས་དོན། བོད་ཀྱིས་གཅིག་སྡུད་བསྙེན་བཀུར་ཐད་མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་བས་རྒན་རྒོན་ཁྲི་6ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།