དབུ་ཤོག>ཆེད་སྒྲིག>སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད།>གསར་འགྱུར་ནང་དོན།
  • ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-01

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ལས་རིགས་ཁག་གི་ཏང་དོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ལྟ་སྦྱོང་བྱེད་བཞིན་པ།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོ་བཙུགས་ཏེ། གསར་གཏོད་ལ་བརྟེན་ནས་རིམ་སྤོར་ལ་སྐུལ་འདེད་དང་། དཔེ་མཚོན་བཏོད་ནས་ཁྲིད་སྟོན་ལ་སྐུལ་འདེད། གཞི་རིམ་ཏང་འཛུཌ་སྐྱོང་གི་དཔེ་སྟོན་ས་ཚིཌ་འཛུགས་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་བཏང་ཡོད།

    འཛུགས་གཏོད་ལས་དོན་དེ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་གལ་ཆེའི་དམ་འཛིན་བྱ་གཞི་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚུགས་གནས་མཐོ་པོས་སྐུལ་འདེད་དང་། འགོ་འཛུགས་ས་མཐོ་པོས་འཆར་འགོད། ཕན་འབྲས་ཆེན་པོས་སྐུལ་འདེད་གཏོང་བ་བཅས་བྱས་པ་དང་། བཀོད་སྒྲིག་དང་། འཛུགས་གཏོད། འདུན་ཞུ། ཞིབ་བཤེར་རྩིས་ལེན། སྒོ་བྱང་སྤྲོད་པ་བཅས་ཀྱི“གོམ་སྟབས་ལྔའི”འཛུགས་གཏོད་ཐབས་ལམ་གཏན་འཁེལ་བྱས་ནས་ལོ་གཅིག་ནས་ལོ་གསུམ་གྱི་དུས་ཚོད་ནང་ཞིང་འབྲོག་ཁུལ་དུ་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་100དང་ཁྱབ་ཁོངས་གཞན་དག་ཏུ་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་50བཙུགས་ནས་སྔོན་ཐོན་ལེགས་བརྩོན་དང་འགྲན་སློབ་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

    དཔེ་མཚོན་གྱིས་ཁྲིད་སྟོན་དང་དཔེ་སྟོན་གྱིས་སྐུལ་ཁྲིད་བྱེད་པ་མཐའ་འཁྱོངས་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”གི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་34འཛུགས་ཐུབ་པའི་བརྩོན་ལེན་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་ཏན་ཏིག་སྤེལ་བ། རྒྱལ་ཁབ་ཀྱི་སྤྱི་སྐད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་ཁག་མཉམ་སྡོད་མཉམ་སློབ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཉམས་ཞན་གྲོང་ཚོ་ཕྱོགས་ཡོངས་ནས་མེད་པ་བཟོ་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་5ཡན་ཟིན་པའི་གྲོང་ཚོ་72.7%ཟིན་ནས་མང་ཚོགས་ཕྱུག་པོ་ཆགས་པར་རྒྱུན་མཐུད་ཁྲིད་སྟོན་བྱས་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་དང་། དྲ་མིག་ཅན་གྱི་ཏང་ཀྲི་པུའུ། “གཉིས་ལྡན་དུད་སྦྲེལ”གྱི་ཏང་ཡོན་ལྟེ་བའི་དུད་ཚང་བཅས་ཀྱི་རྩ་འཛུགས་མ་ལག་བཙུགས་པ། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆ་སྒྲིག་མཉམ་སྐྲུན་གྱི“ཐུན་མོང་ལྔ་དང་བརྟན་གཏོང་ལྔའི”ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་གཙོ་བོར་བྱས་པའི་སྦག་སྦག་སྐོར་གཡེང་ཡན་ལག་རུ་ཁག་བཙུགས་པ་མ་ཟད། དུས་བཀག་ལྟར་མཐའ་སྐོར་ལ་སྐོར་གཡེང་བྱེད་པའི་བྱེད་སྒོ་སྤེལ་ནས་མཉམ་འགོག་མཉམ་བཅོས་དང་མཉམ་འགོག་མཉམ་སྡོམ་གྱི་ལས་ཀའི་མཉམ་ཤུགས་ཕྱོགས་ཡོངས་ནས་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།