《གསར་གཏོད་དང་། གསོན་ཤུགས། མཉམ་སྒུལ། ཁོང་ཡངས་བཅས་ཀྱི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྱོང་བྱེད་དགོས》
(2016ལོའི་ཟླ་9ཚེས་4ཉིན)
《གསར་གཏོད་དང་། གསོན་ཤུགས། མཉམ་སྒུལ། ཁོང་ཡངས་བཅས་ཀྱི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྱོང་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཐོག་གནང་བའི་འགོ་ཚུགས་ཤིས་ཚིག་རེད། རྩོམ་ཡིག་ཏུ་བསྟན་དོན། འཛམ་གླིང་གི་དཔལ་འབྱོར་འཕར་ཤུགས་ཆུང་བ་དང་། མཁོ་ཤུགས་ཆུང་བ། དངུལ་རྩའི་ཁྲོམ་ར་བརྟན་པོ་མེད་པ། རྒྱལ་སྤྱིའི་ཉོ་ཚོང་དང་མ་དངུལ་རྒྱུན་མཐུད་ཆག་པ་སོགས་ཀྱི་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་ཡོད། རྩོམ་ཡིག་ནང་ནན་བཤད་གནང་དོན། དེང་སྐབས་ཀྱི་འགྲན་སློང་ལ་དམིགས་ཏེ་རྒྱལ་ཁབ་ཉི་ཤུ་ཚོགས་པས་དུས་བསྟུན་མདུན་སྐྱོད་དང་། ཤེས་སྦྱོར་ཟུང་འབྲེལ། མཉམ་སྐྲུན་མཉམ་སྤྱོད། ཕྱར་བ་གྲུ་འདེགས་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་དར་རྒྱས་དང་བརྟན་ལྷིང་ལ་ཁ་ཕྱོགས་ཡག་པོ་སྟངས་འཛིན་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་བ་དང་། རྒྱུན་མཐུད་ཆོག་པ། དོ་སྙོམས། ཁོང་ཡངས་དར་འཕེལ་བཅས་ཀྱི་འགྲོ་ལམ་དུ་སྐྱོད་ཐུབ་པར་བྱེད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)