དབུ་ཤོག>ཆེད་སྒྲིག
  • 《འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས》

    (2016ལོའི་ཟླ་5ཚེས་30ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-17

    《འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད། རྩོམ་ཡིག་ཏུ་བསྟན་དོན། ཚན་རྩལ་ནི་རྒྱལ་ཁབ་ཀྱི་མཚོན་ཆ་རྣོན་པོ་ཞིག་རེད། ཀྲུང་གོ་སྟོབས་ཆེར་གཏོང་བ་དང་ཀྲུང་གོ་མི་དམངས་ཀྱི་འཚོ་བ་ཡག་ཏུ་གཏོང་བར་ངེས་པར་དུ་ཚན་རྩལ་སྟོབས་ཆེན་ཞིག་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་ཏེ། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་སྤྱིའི་བཀོད་ཇུས་ལེགས་སུ་བཏང་ནས་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་དགོས། རྩོམ་ཡིག་ཏུ་ནན་བཤད་བྱས་དོན། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་ལ་འགྱུར་བ་དང་འཛམ་གླིང་གི་ཚན་རིག་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་སར་འགྱུར་དགོས་ན། ངེས་པར་དུ་འཛམ་གླིང་གི་ཚན་རིག་ཞིབ་འཇུག་ལས་ཁུངས་རྩེ་གྲ་དང་། ཞིབ་འཇུག་རྣམ་པའི་སློབ་ཆེན། གསར་གཏོད་རྣམ་པའི་ཁེ་ལས་བཅས་ཁག་གཅིག་ཡོད་དགོས་པ་དང་། ཐོག་མའི་གསར་རྩོམ་རང་བཞིན་གྱི་ཚན་རིག་གྲུབ་འབྲས་གལ་ཆེན་ཁག་གཅིག་མུ་མཐུད་ཐོན་པར་བྱེད་དགོས། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་འགག་རྩ་ནི་གཞི་ཁྱོན་ཆེ་བ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་གསར་གཏོད་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཏེ། ཤེས་ལྡན་པ་སྣ་ཚོགས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་དང་གཏིང་ཤུགས་སྤེལ་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།