《བློ་བརྟན་འགྱུར་མེད་ངང་རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱས་ནས་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》
(2016ལོའི་ཟླ་3ཚེས་4ཉིན)
《བློ་བརྟན་འགྱུར་མེད་ངང་རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱས་ནས་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་གྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》 ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་ལས་རིགས་ཨུ་ཡོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་སྐབས་གནང་བའི་གསུང་བཤད་ཅིག་རེད། རྩོམ་ཡིག་ཏུ་བསྟན་དོན། སྤྱི་དབང་ལམ་ལུགས་གཙོ་བོར་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ལག་ལེན་བསྟར་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གཏན་འཁེལ་བྱས་པའི་མཛད་ཇུས་ཆེན་པོའི་བྱེད་ཕྱོགས་ཤིག་རེད། རང་རེའི་ཏང་གིས་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པའི་ལྟ་བ་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན་པ་མ་ཟད། རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་མྱོང་མེད། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་གནས་བབ་དང་ནུས་པར་འགྱུར་ལྡོག་བྱུང་མེད་པས། ང་ཚོས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལྕག་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད། ང་ཚོས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་གཏོད་པ་དང་གོ་སྐབས་དེ་བས་མང་བ་སྤྲོད་པར་གཞོལ་བའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད། རྩོམ་ཡིག་ཏུ་ནན་བཤད་བྱས་དོན། སྲིད་འཛིན་བཟོ་ཚོང་གི་འབྲེལ་བ་གསར་པ་ཞེས་པ་མདོར་བསྡུས་ནས་བརྗོད་ན། ལྷག་བསམ་རྣམ་དག་དང་སྤྱོད་གཙང་ཞེས་པ་ལས་མཚོན་གྱི་ཡོད། རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུཊ་ཀྱི་དཔལ་འབྱོར་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུཊ་བྱ་གཞག་གི་འཛུཊ་སྐྲུན་པ་ཚད་ལྡན་ཞིག་བྱེད་པར་སྐུལ་འདེད་གཏོང་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)