དབུ་ཤོག>ཆེད་སྒྲིག
  • 《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་གོ་བ་གཏིང་ཟབ་བླངས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས》

    (2016ལོའི་ཟླ་1ཚེས་18ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-28

    《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་གོ་བ་གཏིང་ཟབ་བླངས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད། གསུང་བཤད་དུ་ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་དང་གནད་དོན་གལ་ཆེན་ཁག་གཅིག་དང་ཟུང་འབྲེལ་གནང་ནས་རིགས་པའི་གཞུང་ལུགས་དང་གཞི་ཆེན་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་རྒྱས་བཤད་གཏིང་ཟབ་གནང་ཡོད། རྩོམ་ཡིག་ཏུ་བསྟན་དོན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་རང་བཞིན་དང་མཐུན་སྦྱོར་གྱི་རང་བཞིན་ཆེ་རུ་གཏོང་བར་ཤུགས་རྒྱག་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་སྒྲིག་སྲོལ་གསར་པ་ཆགས་པར་ཤུགས་རྒྱག་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་ཤུགས་ཆེན་བསྟར་བ་བཅས་བྱེད་དགོས། རྩོམ་ཡིག་ཏུ་ནན་བཤད་བྱས་དོན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་གཙོ་གནད་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྒྱུར་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། ཕན་འབྲས་མེད་པ་དང་ཆུང་བའི་མཁོ་སྤྲོད་ཉུང་དུ་གཏོང་བ། ཕན་འབྲས་ལྡན་པ་དང་རིམ་པ་འབྲིང་ཡན་གྱི་མཁོ་སྤྲོད་རྒྱ་ཆེར་གཏོང་བ། མཁོ་སྤྲོད་ཀྱི་གྲུབ་ཆས་དགོས་མཁོའི་འགྱུར་ལྡོག་གི་འཚམ་མཐུན་རང་བཞིན་དང་བབ་བསྟུན་རང་བཞིན་ཆེ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།