《དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ངེས་པར་དུ་གནད་སྨིན་ལ་ཐབས་ཇུས་དངོས་འདོན་པ་དང་། འབད་བརྩོན་དངོས་བྱེད་པ། ཕན་འབྲས་དངོས་ཐོན་པར་བྱེད་དགོས》
(2015ལོའི་ཟླ་11ཚེས་27ཉིན)
《དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ངེས་པར་དུ་གནད་སྨིན་ལ་ཐབས་ཇུས་དངོས་འདོན་པ་དང་། འབད་བརྩོན་དངོས་བྱེད་པ། ཕན་འབྲས་དངོས་ཐོན་པར་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད། རྩོམ་ཡིག་ཏུ་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཐོན་དགོས་ན། འགག་རྩ་ནི་གནད་ལ་འཕིགས་པའི་ལམ་འཚོལ་བ་དང་སྒྲིག་སྲོལ་ལམ་སྲོལ་ཡག་པོ་བཟོ་བར་རགས་ལས་ཡོད། གནད་ལ་འཕིགས་པའི་ལམ་དང་ལམ་སྲོལ་ཡག་པོའི་ལྟེ་བ་ནི་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་གནད་སྨིན་བྱེད་དགོས་པས། “དབུལ་སྐྱོར་སུ་ལ་བྱེད་པ”དང་། “སུས་དབུལ་སྐྱོར་བྱེད་པ” “དབུལ་སྐྱོར་ཇི་ལྟར་བྱེད་པ” “དབུལ་ཞྭ་ཇི་ལྟར་འཕུད་པ”བཅས་ཀྱི་གནད་དོན་གཙོ་གནད་ཐག་གཅོད་ཡག་པོ་བྱེད་དགོས། རྩོམ་ཡིག་ཏུ་ནན་བཤད་བྱས་དོན། དབུལ་སྐྱོར་བྱ་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱེད་ཐབས་དུད་ཚང་དུ་གནད་སྨིན་འཁྱོལ་བ། གྲོང་ཚོར་མི་གནད་སྨིན་མངགས་པ། དབུལ་སྒྲོལ་ཕན་འབྲས་གནད་སྨིན་བཅས་ཡོང་བར་བྱེད་དགོས། ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་གྲོལ་ཐུབ་པ་དང་། ཡུལ་གཞན་དུ་གནས་སྤོས་ནས་ཁག་གཅིག་དབུལ་གྲོལ་ཐུབ་པ། སྐྱེ་ཁམས་ཁ་གསབ་བྱས་ནས་ཁག་གཅིག་དབུལ་གྲོལ་ཐུབ་པ། སློབ་གསོ་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་གྲོལ་ཐུབ་པ། སྤྱི་ཚོགས་འགན་ལེན་ཐ་སྐྱོང་བྱས་ནས་ཁག་གཅིག་དབུལ་གྲོལ་ཐུབ་པ་བཅས་བྱེད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)