དབུ་ཤོག>ཆེད་སྒྲིག
  • 《དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཚོད་འཛིན་བཟོ་བའི་གཙོ་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས》

    (2015ལོའི་ཟླ་10ཚེས་29ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-28

    《དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཚོད་འཛིན་བཟོ་བའི་གཙོ་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚོགས་འདུ་གཉིས་པར་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ཏུ་བསྟན་དོན། ཚང་འཛོམས་གྲོས་ཚོགས་སུ་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་ངེས་པར་དུ་གཙོ་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས། བྱེད་སྟངས་བསྒྱུར་ཏེ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས། ཞན་ཆ་བསལ་ཏེ། འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས། ཉེན་ཁ་འགོག་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་དང་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། འདིར་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་དེ་བས་གལ་ཆེ་ལ་སྒྲུབ་དཀའ་བ་ནི“ཕྱོགས་ཡོངས”རེད། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་དགོས། དེ་ནི“ཕྱོགས་ལྔ་གཞི་གཅིག”གི་ཕྱོགས་ཡོངས་ཀྱི་ཡར་རྒྱས་རེད། མི་འབོར་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་དགོས། དེ་ནི་མི་དམངས་ཡོངས་ལ་ཕན་པ་འཐོབ་པའི་འབྱོར་འབྲིང་རེད། ས་ཁོངས་ཧྲིལ་པོར་ཁྱབ་པར་བྱེད་དགོས། དེ་ནི་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་ཀྱི་ཐུན་མོང་གི་འབྱོར་འབྲིང་རེད།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།