དབུ་ཤོག>ཆེད་སྒྲིག
  • 《ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས》

    (2015ལོའི་ཟླ་7ཚེས་6ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-28

    《ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ཏུ་བསྟན་དོན། དུས་བབ་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་གལ་འགངས་ཆེ་ཤོས་ནི་ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་རྒྱུན་འཁྱོངས་དང་ཟབ་ཏུ་གཏོང་དགོས། ཆབ་སྲིད་ཀྱི་རང་བཞིན་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བླ་སྲོག་ཡིན་ཞིང་ཨང་དང་པོ་རེད། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་ཆབ་སྲིད་ཀྱི་རང་བཞིན་རྒྱུན་འཁྱོངས་དང་ཟབ་ཏུ་གཏོང་བའི་འགག་རྩ་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རང་རྟོགས་ངང་མཐའ་འཁྱོངས་བྱེད་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ནི་ཧྲིལ་པོ་ཞིག་གི་ངོས་ནས་ངེས་པར་དུ་སྔོན་ཐོན་གྱི་རང་བཞིན་རྒྱུན་འཁྱོངས་དང་ཟབ་ཏུ་གཏོང་བ་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩི་དགོས། སྔོན་ཐོན་གྱི་རང་བཞིན་དོན་གཉེར་མ་བྱས་ན་སྲན་ཕུང་ཐོར་བ་ལྟ་བུར་འགྱུར་སྲིད། མང་ཚོགས་ཀྱི་རང་བཞིན་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་རྩ་བའི་ཁྱད་ཆོས་ཤིག་རེད། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ལས་དོན་དང་བྱེད་སྒོ་སྤེལ་སྐབས་མང་ཚོགས་ལྟེ་བར་བཟུང་ནས་མང་ཚོགས་མི་སྣ་གཙོ་བོར་བརྩི་བ་ལས་གཞོགས་འདེགས་བྱེད་མཁན་དང་གཟིགས་མོ་བར་བརྩི་མི་རུང་།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།