《སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་བྱེད་དགོས》
(2015ལོའི་ཟླ་1ཚེས་13ཉིན)
《སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ནང་བསྟན་དོན། ཏང་ནང་ཁུལ་གྱི་སྒྲིག་ལམ་ནི་ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཚང་མས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་ཀྱི་ཚད་གཞི་དང་སྒྲིག་སྲོལ་ཞིག་རེད། ཏང་གི་སྒྲིག་ལམ་གྱི་སྤྱིའི་ནང་དོན་གྲས་སུ། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། རྒྱལ་ཁབ་ཀྱི་བཅའ་ཁྲིམས། དུས་ཡུན་རིང་པོའི་ལག་ལེན་ཁྲོད་ཆགས་པའི་ཏང་གི་སྲོལ་རྒྱུན་བཟང་པོ་དང་ལས་ཀའི་གོམས་གཤིས་བཅས་ཚུད་ཡོད། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཚང་མའི་ནང་ནས་ཨང་དང་པོ་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་རེད། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ཞུ་བར་ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱས་ཏེ་དུས་གང་རུང་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང་ངེས་པར་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། ངེས་པར་དུ་ཏང་གི་མཐུན་སྒྲིལ་སྲུང་སྐྱོང་དང་ཕྱོགས་བཞི་མཚམས་བརྒྱད་མཐའ་འཁྱོངས་ཀྱིས་ཏང་ལ་བསམ་པ་རྣམ་དག་བྱེད་མཁན་བློ་མཐུན་ཡོད་དོ་ཅོག་ལ་མཐུན་སྒྲིལ་བྱེད་དགོས་པ། ངེས་པར་དུ་རྩ་འཛུགས་ཀྱི་གོ་རིམ་ལ་བརྩི་སྲུང་ཞུས་ཏེ་གལ་ཆེའི་གནད་དོན་དགོངས་སྐོར་ཞུ་དགོས་རིགས་དགོངས་སྐོར་ཞུ་བ་དང་སྙན་སེང་ཞུ་དགོས་རིགས་སྙན་སེང་ཞུ་དགོས་པ་ལས། དབང་ཚད་ལས་བརྒལ་ནས་བྱ་བ་བསྒྲུབ་མི་རུང་། ངེས་པར་དུ་རྩ་འཛུགས་ཀྱི་གཏན་འབེབས་དང་ལེན་ཞུས་ཏེ་སྒྲིག་འཛུགས་མེད་པའི་བྱ་སྤྱོད་གཏན་ནས་སྤེལ་མི་རུང་བ་དང་རྩ་འཛུགས་ཀྱི་གཏན་འབེབས་ལ་རྒྱབ་འགལ་གཏན་ནས་བྱེད་མི་རུང་བ། ངེས་པར་དུ་གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་པར་དོ་དམ་ཡག་པོ་བྱས་ཏེ་ཁོང་ཚོས་དམིགས་བསལ་གྱི་ཐོབ་ཐང་ལ་བརྟེན་ནས་ཁྲིམས་འགལ་གྱི་ཁེ་ཕན་རག་ཐབས་གཏན་ནས་བྱེད་དུ་འཇུག་མི་རུང་།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)