དབུ་ཤོག>ཆེད་སྒྲིག
  • 《སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་གང་མགྱོགས་སྐྲུན་དགོས》

    (2014ལོའི་ཟླ་10ཚེས་23ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-13

    《སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་གང་མགྱོགས་སྐྲུན་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ཏུ་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ལ་འགོ་ནས་མཇུག་བར་ཁྱབ་པའི་དམར་ཐིག་གཅིག་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་འགྲོ་ལམ་མཐའ་འཁྱོངས་དང་རྒྱ་སྐྱེད་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་འགྲོ་ལམ་དུ་སྐྱོད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྒྱལ་ཁབ་ལུགས་བཞིན་སྐྱོང་བ་ཟུང་འབྲེལ་མཐའ་འཁྱོངས། ཀྲུང་གོའི་དོན་དངོས་ནས་འགོ་འཛུགས་པ་མཐའ་འཁྱོངས་བཅས་བྱེད་དགོས།

    རྩོམ་ཡིག་ཏུ་ནན་བཤད་བྱས་དོན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་དགོས། འདི་ནི་གཏན་འབེབས་ཀྱི་འགོ་ནས་མཇུག་བར་ཁྱབ་པའི་གཙོ་རྐང་ཞིག་རེད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཁག་ཚང་མ་སྤྱིའི་དམིགས་ཚད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དམིགས་ཏེ་བཀོད་སྒྲིག་དང་ལས་དོན་སྤེལ་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།