དབུ་ཤོག>ཆེད་སྒྲིག
  • 《མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་དགོས》

    (2014ལོའི་ཟླ་10ཚེས་15ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-13

    《མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ཏུ་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ནི་ངོ་བོའི་ཐད་ནས་བརྗོད་ན། མི་དམངས་ཀྱི་རིག་རྩལ་རེད། མི་དམངས་ལྟེ་བར་བྱེད་པ་ནི་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་རིག་རྩལ་དང་རིག་རྩལ་ལས་དོན་པའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་དང་། མི་དམངས་རིག་རྩལ་གྱི་མཚོན་ཚུལ་གཙོ་བོར་བརྩི་བ། མི་དམངས་རིག་རྩལ་མཛེས་དཔྱོད་ཀྱི་གཟིགས་དཔྱད་པ་དང་ཤན་འབྱེད་པར་བརྩི་བ། མི་དམངས་ལ་ཞབས་འདེགས་ཞུ་བ་རིག་རྩལ་ལས་དོན་པའི་འགན་འཁྲིར་བརྩི་དགོས། འདིར་ནན་བཤད་བྱས་དོན། མི་དམངས་ལ་མཁོ་བ་ནི་རིག་རྩལ་གནས་པའི་རྩ་བའི་རིན་ཐང་གནས་ས་ཡིན་ཞིང་། ཕུལ་བྱུང་གི་བརྩམས་ཆོས་གསར་རྩོམ་ཐུབ་མིན་དེ་ཆེས་གཞི་རྩའི་ཐོག་ནས་མི་དམངས་ཀྱི་ཆེད་དུ་བརྩམས་ཆོས་གསར་རྩོམ་ཐུབ་མིན་དང་། སྤྲོ་སེམས་མཚོན་ཐུབ་མིན། བརྩེ་དུང་མཚོན་ཐུབ་མིན་བཅས་ལ་རག་ལས་ཡོད། རིག་རྩལ་གསར་རྩོམ་གྱི་ཆེས་རྩ་བ་དང་། ཆེས་འགག་རྩ། ཆེས་བརྟན་པའི་བྱེད་ཐབས་ནི་མི་དམངས་དང་འཚོ་བར་གཞི་ཚུགས་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།