《གྲོས་མོལ་དམངས་གཙོའི་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》
(2014ལོའི་ཟླ་9ཚེས་21ཉིན)
《གྲོས་མོལ་དམངས་གཙོའི་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད། རྩོམ་ཡིག་ཏུ་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཁོ་ནར་ཡོད་པའི་རྣམ་པ་དང་ཁྱད་འཕགས་ཀྱི་ལེགས་ཆ་དང་། ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་ཀྲུང་གོ་གུང་ཁྲན་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག དོན་དག་ཡོད་སྐབས་གྲོས་བསྡུར་དང་དམངས་ཀྱི་དོན་དག་དམངས་ཀྱིས་གྲོས་བསྡུར་བྱས་ཏེ། སྤྱི་ཚོགས་ཧྲིལ་པོའི་བསམ་འདུན་དང་བླང་བྱའི་མཐུན་ཆ་ཆེ་ཤོས་འཚོལ་ཐུབ་པ་ནི་མི་དམངས་དམངས་གཙོའི་དོན་གྱི་སྙིང་པོ་རེད། འདིའི་ནང་ནན་བཤད་བྱས་དོན། གྲོས་མོལ་དམངས་གཙོའི་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་འདི་དོན་འཁྱོལ་ཏན་ཏིག་བྱས་ནས། གོ་རིམ་ལུགས་དང་མཐུན་པ་དང་ལྷུ་ཚིགས་ཆ་ཚང་བའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་མ་ལག་བཙུགས་ཏེ། གྲོས་མོལ་དམངས་གཙོར་གཞི་འཛིན་སའི་ལམ་ལུགས་ཡོད་པ་དང་། བསྲུང་བྱའི་སྒྲིག་སྲོལ་ཡོད་པ། བསྲུང་བྱའི་སྒྲིག་ཡིག་ཡོད་པ། བསྲུང་བྱའི་གོ་རིམ་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)