དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས》

    (2014ལོའི་ཟླ་9ཚེས་5ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-07

    《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད། རྩོམ་ཡིག་ཏུ་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར། དང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་ང་ཚོའི་ལེགས་ཆ་དང་ཁྱད་ཆོས་མང་དུ་དང་རྒྱ་ཆེར་གཏོང་དགོས་པ་ལས། ང་ཚོའི་ལེགས་ཆ་དང་ཁྱད་ཆོས་ཞན་དུ་དང་ཆུང་དུ་གཏོང་བ་འདི་མིན། འདིའི་ནང་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལག་བསྟར་ཐུབ་པ་དང་། སྐྱེ་སྟོབས་ལྡན་པ། ཕན་འབྲས་ལྡན་པ་བཅས་ཡོད་དོན་ནི་ཀྲུང་གོའི་སྤྱི་ཚོགས་ཀྱི་ས་གཞི་གཤིན་པོར་འཚར་ལོངས་བྱུང་བ་ཡིན་པས་རེད། རྒྱལ་ཁབ་གཞན་དག་གི་ཆབ་སྲིད་ལམ་ལུགས་འདྲ་བཤུ་དང་འདྲ་བཟོ་བྱས་ཚེ་ལག་ལེན་དུ་མི་འཁྱོལ་བ་དང་། ས་ཆུ་མི་འཕྲོད་པ། ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས་པར་བུ་མོ་ང་རང་གི་འགྲོ་སྟངས་ཤོར་ཉེན་ཆེ་བ་མ་ཟད། ཐ་ན་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཡང་བརླག་སྲིད། དེས་ན་རྩ་བ་རྒྱལ་ཁབ་དེ་གའི་ས་གཞི་གཤིན་པོར་ཚུགས་ནས་འཚོ་བཅུད་ལྡན་པའི་ལམ་ལུགས་ཤིག་བྱུང་ན་བློས་འགེལ་ཆོག་ཤོས་དང་མཁོ་ཆེ་ཤོས་དེ་རེད།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།