བརྟག་ཞིབ་ཐེངས་བཞི་དང་ཏང་གི་སློབ་ཚན་ཐེངས་བཞི་ཁྲིད་གནང་བ།
སྤྱི་ཁྱབ་ཧྲུའུ་ཅིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་མཛུབ་ཁྲིད་གནང་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས་ཟླ་བ་གསུམ་ལྷག་ཙམ་སོང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་བཞིར་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་བའི་ལས་འགན་ཁྲོད་ཀྱི་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཕྱོགས་བཞིའི་ནང་དོན་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་བླང་བྱ་ཁ་གསལ་བཏོན་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་གསོན་ཉམས་ལྡན་པའི་ཏང་གི་སློབ་ཚན་ཞིག་ཁྲིད་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་དང་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་གནང་ཡོད།
ཟླ་བཞི་པར་ཀོང་ཏུང་དུ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པའི་ཐད། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་དོན་གཏིང་ཟབ་སྒྲུབ་དགོས། བསམ་བློའི་ཐད་གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བསམ་འཕེལ་བྱེད་པ་དང་། དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། སྙིང་སྟོབས་ཀྱི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་སྲུང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
★ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ།
★ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ།
★མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ།
ཟླ་ལྔ་པར་ཧྲའན་ཤིས་སུ། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པའི་ཐད། ཁོང་གིས་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་ཤེས་པ། བྱ་ཐབས་སྦྱོང་བ། བློ་གྲོས་འཕེལ་བ་བཅས་བྱས་ནས་ཁྱིམ་སྐྱོང་གི་ནུས་རྩལ་ཆེ་ཤོས་དང་། ཏང་དར་རྒྱས་གཏོང་བའི་འཇོན་ཐང་། རྒྱལ་སྟོབས་ཀྱི་འཇོན་ཐང་བཅས་སྦྱོང་ཐུབ་པར་བྱེད་དགོས་ཞེས་གསལ་འགྲེལ་གནང་ཡོད།
★ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་།
★བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བ།
★ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བ།
ཟླ་དྲུག་པར་ནང་སོག་ཏུ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བའི་ཐད། ཁོང་གིས་དམིགས་ཡུལ་གྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་དང་སློབ་སྦྱོང་དང་ཞིབ་བཤེར་དག་ཐེར་བཅས་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་དང་། ཏང་སྲོལ་གྱི་བླང་བྱ་དང་བསྡུར་ནས་ཧེ་བག་འཚོལ་བ་དང་ཏང་གཤིས་ཀྱི་བླང་བྱ་དང་བསྡུར་ནས་འབྱུང་རྩར་ཞིབ་བཤེར། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དང་བསྡུར་ནས་བྱ་ཐབས་གསལ་པོ་བཟོས་ཏེ་འཚོལ་བཤེར་དག་ཐེར་གྱི་ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས་ཞེས་གསལ་འགྲེལ་གནང་ཡོད།
★དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ།
★སྤྱོད་གཙང་གི་སྤྱོད་ཚུལ་དར་སྤེལ་གཏོང་བ།
★བབ་ཆགས་ཀྱི་སྤྱོད་ཚུལ་འཇགས་པར་བྱེད་པ།
ཟླ་བདུན་པར་ཅང་སུའུ་རུ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བའི་ཐད། ཁོང་གིས“ལག་ལེན་ལ་མཐོང་ཆེན”གྱི་བླང་བྱ་དོན་འཁྱོལ་བྱས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་ཀྱིས་ལས་སྒྲུབ་ཀྱི་སྟོན་ཕྱོགས་སྲོང་བ་དང་། ལས་སྒྲུབ་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། ལས་སྒྲུབ་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བའི་ཐད་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད།
★མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས་པ།
★ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས་པ།
★དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས་པ།