《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བྱེད་དགོས》
(2014ལོའི་ཟླ་5ཚེས་4ཉིན)
《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་དགེ་སློབ་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ཏུ་བསྟན་དོན། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ངོས་ནས་བརྗོད་ན། སྟོབས་ཤུགས་རྒྱུན་མཐུད་ཤོས་དང་གཏིང་ཟབ་ཤོས་ནི་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ཁས་ལེན་པའི་ལྟེ་བའི་རིན་ཐང་ལྟ་བ་རེད། ང་ཚོ་ཀྲུང་གོ་བ་ཞིག་གི་ངོས་ནས། ང་ཚོར་ཀྲུང་གོ་བའི་དམིགས་བསལ་གྱི་བསམ་པའི་འཇིག་རྟེན་ཡོད་དགོས་ལ། མི་སེར་གྱིས་རྒྱུན་དུ་སྤྱོད་པའི་རིན་ཐང་ལྟ་བ་ཡང་ཡོད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལས། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་མཚོན་ཞིང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཡོད་ལ། འཛམ་གླིང་ཤེས་དཔལ་གྱི་དགེ་མཚན་ལྡན་པའི་གྲུབ་འབྲས་ཀྱང་བསྡུས་ཡོད་པ་དང་། དུས་རབས་ཀྱི་སྙིང་སྟོབས་མཚོན་གྱི་ཡོད་པས། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོར་འཛུགས་དགོས། འདིར་ནན་བཤད་བྱས་དོན། གཞོན་ནུ་ཚོ་རིན་ཐང་ལྟ་བ་འགྲུབ་པ་དང་འཇགས་པའི་དུས་སྐབས་སུ་གནས་པས། དུས་སྐབས་འདིའི་རིན་ཐང་ལྟ་བ་འཇགས་པར་དམ་འཛིན་ཡག་པོ་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ། གཞོན་ནུ་ཚོས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་དགོས་པ་དང་། ད་ལྟ་ནས་འགོ་འཛུགས་པ་དང་རང་ཉིད་ནས་འགོ་བརྩམས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་ཉིད་ཀྱི་རྩ་བའི་གཞི་འཛིན་སར་འགྱུར་བར་བྱེད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)