དབུ་ཤོག>ཆེད་སྒྲིག
  • 《སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་དགོས》

    (2014ལོའི་ཟླ་4ཚེས་15ཉིན་དང་2017ལོའི་ཟླ་2ཚེས་17ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-26

    《སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་དགོས》ཞེས་པ་འདི་ནི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་དགོས་པའི་སྐོར་ལ་བློ་མཐུན་ཞི་ཅིན་ཕིང་གིས་གསུང་བཤད་ཐེངས་གཉིས་གནང་བའི་གཙོ་གནད་ནང་དོན་ཞིག་རེད། རྩོམ་ཡིག་ཏུ་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པ་ནི་དོན་ཆེན་ཨང་དང་པོ་ཡིན་པས། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བྱེད་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་གཞི་རྩར་བྱེད་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་བྱེད་པ། དམག་དོན་དང་། རིག་གནས། སྤྱི་ཚོགས་བཅས་ཀྱི་བདེ་འཇགས་འགན་ལེན་བྱེད་པ། རྒྱལ་སྤྱིའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ་གཞི་རྟེན་དུ་བྱེད་པ་བཅས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལམ་བུར་སྐྱོད་དགོས། འཐབ་ཇུས་ཀྱི་ངེས་ཤུགས་དང་། འཐབ་ཇུས་ཀྱི་གདེང་ཚོད། འཐབ་ཇུས་ཀྱི་ངང་རྒྱུད་བཅས་རྒྱུན་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་བསམ་གཞིག་ལ་བརྟེན་ནས་ཇུས་འགོད་མཐའ་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། རྩ་དོན་རང་བཞིན་དང་ཐབས་ཇུས་རང་བཞིན་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།