《མའོ་ཙེ་ཏུང་གི་དགོངས་པའི་བླ་སྲོག་ངོ་མ་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས》
(2013ལོའི་ཟླ་12ཚེས་26ཉིན)
《མའོ་ཙེ་ཏུང་གི་དགོངས་པའི་བླ་སྲོག་ངོ་མ་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་ངོ་120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་ནང་དོན་དུམ་བུ་ཞིག་རེད། རྩོམ་ཡིག་ནང་བསྟན་དོན། མའོ་ཙེ་ཏུང་གི་དགོངས་པའི་བླ་སྲོག་ངོ་མ་ནི་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བརྟག་ཐབས་བཅས་ཡིན་ལ། དེར་གཞི་རྩའི་ཕྱོགས་གསུམ་ཡོད་ཅིང་། དངོས་ཐོག་བདེན་འཚོལ་དང་། མང་ཚོགས་ལམ་ཕྱོགས། རང་ཚུགས་རང་བདག་བཅས་རེད། འདས་ཟིན་པ་དང་། ད་ཆ། མ་འོངས་བཅས་གང་ཞིག་ཡིན་རུང་ཐམས་ཅད་དོན་དངོས་ལ་གཞི་ཚུགས་པ་དང་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལག་ལེན་ཁྲོད་བདེན་དོན་ལ་ཞིབ་དཔྱད་དང་གོང་འཕེལ་གཏོང་དགོས། ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་དང་། ཐམས་ཅད་མང་ཚོགས་ལ་བརྟེན་པ། མང་ཚོགས་ཁྲོད་ནས་ཡོང་བ། མང་ཚོགས་ཁྲོད་དུ་སྐྱོད་པ་བཅས་མཐའ་འཁྱོངས་ཀྱིས་ཏང་གི་འདོད་ཚུལ་ཡང་དག་མང་ཚོགས་ཀྱི་རང་འགུལ་བྱ་སྤྱོད་ལ་འགྱུར་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་རྒྱལ་སྲིད་སྐྱོང་ལུགས་ཀྱི་བྱེད་སྒོ་མཐའ་དག་ཁྲོད་ལག་ལེན་བསྟར་དགོས། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་ངོས་སྟོབས་ཤུགས་ཀྱི་གཞི་རྩར་བཞག་སྟེ་མི་རིགས་རང་བཀུར་གྱི་བསམ་པ་དང་གདེང་ཚོད་ཀྱི་བསམ་པ་མཐའ་འཁྱོངས་བྱས་ནས་རང་ཉིད་ཀྱི་ལམ་བུར་བློ་རྩ་བརྟན་པོས་སྐྱོད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)