དབུ་ཤོག>ཆེད་སྒྲིག
  • 《བསམ་བློ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས》

    (2013ལོའི་ཟླ་11ཚེས་12ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-23

    《བསམ་བློ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། ཚང་འཛོམས་གྲོས་ཚོགས་དེ་ནི་དུས་རབས་གསར་འབྱེད་ཀྱི་ཚང་འཛོམས་གྲོས་ཚོགས་ཤིག་རེད། དེས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་བརྒྱུད་རིམ་ཧྲིལ་པོས་སྤྱི་ཡོངས་ལ་ཇུས་འགོད་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་ཀྱིས་དུས་རབས་གསར་པ་གཏོད་འགོ་ཚུགས་ཡོད། རྩོམ་ཡིག་འདིའི་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ལ་བརྩིས་ཡོད། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་ལྡན་དགོས་པའི་དོན་སྙིང་ཡང་རེད། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། དུས་རབས་ཀྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ། ཕྱོགས་ཁག་གི་ལམ་ལུགས་དེ་བས་ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་དུ་བཏང་ནས། ཏང་དང་། རྒྱལ་ཁབ། སྤྱི་ཚོགས་བཅས་ཀྱི་ལས་དོན་ཁག་གི་བཅོས་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད། རྩོམ་ཡིག་ནང་ནན་བཤད་བྱས་དོན། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་སྲོག་ཤིང་གི་གནད་དོན་ནི་སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། ཐོན་ཁུངས་བགོ་སྒྲིག་བྱེད་རིང་ཁྲོམ་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གིས་ནུས་པ་དེ་བས་ལེགས་པ་འདོན་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།