《དྲིལ་བསྒྲགས་བསམ་བློའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས》
(2013ལོའི་ཟླ་8ཚེས་19ཉིན)
《དྲིལ་བསྒྲགས་བསམ་བློའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་གཙོ་གནད་རེད། རྩོམ་ཡིག་ནང་བསྟན་དོན། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་ལས་དོན་གལ་ཆེ་ཤོས་ཤིག་རེད། དྲིལ་བསྒྲགས་བསམ་བློའི་ལས་དོན་ནི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་ཞིག་རེད། དེས་ན་དར་ཆ་གསལ་སྟོན་གྱིས་ཏང་གཤིས་རྩ་དོན་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་སྟོན་ཕྱོགས་འཛུགས་པ། མཐུན་སྒྲིལ་བརྟན་ལྷིང་གི་ངར་ཤུགས་དང་དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་བྱེད་པའི་ཁ་ཕྱོགས་གལ་ཆེན་མཐའ་འཁྱོངས་བཅས་བྱེད་དགོས། དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་དང་། དྲིལ་བསྒྲགས་བསམ་བློའི་སྡེ་ཚན་གྱིས་ངེས་པར་དུ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས། རྩོམ་ཡིག་ནང་ནན་བཤད་བྱས་དོན། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་བརྟན་དུ་གཏོང་བ་དང་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་བྱས་ནས། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ་དང་དྲང་ནུས་བརྒྱུད་བསྒྲགས་བྱས་ཏེ། དུས་ཚད་ནུས་གསུམ་སྟངས་འཛིན་ཡག་པོ་བྱེད་དགོས། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ནས། ཀྲུང་གོ་དང་ཕྱི་རྒྱལ་གཉིས་ཀར་འཁོར་རྒྱུག་ཐུབ་པའི་ནང་དོན་གསར་པ་དང་། ཁྱབ་ཁོངས་གསར་པ། མཚོན་ཚུལ་གསར་པ་བཅས་ཧུར་ཐག་བཏོད་དེ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)