《ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་ཡག་པོ་གསོ་སྐྱོང་དང་ འདེམས་སྒྲུག་ཧུར་ཐག་བྱེད་དགོས》
(2013ལོའི་ཟླ་6ཚེས་28ཉིན)
《ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་ཡག་པོ་གསོ་སྐྱོང་དང་འདེམས་སྒྲུག་ཧུར་ཐག་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དུམ་བུ་ཞིག་རེད། རྩོམ་ཡིག་འདིའི་ནང་བསྟན་དོན། ལས་བྱེད་པ་ཡག་པོའི་ཚད་གཞི་ཆེ་ས་ནས་བཤད་ན། སྤྱོད་ཡོན་གཉིས་ལྡན་ཡིན་དགོས། མདོར་བསྡུས་ནས་བཤད་ན། ལས་བྱེད་པ་ཡག་པོས་དད་སེམས་བརྟན་པོ་དང་། དམངས་ལ་ཞབས་འདེགས། སྲིད་བརྩོན་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་བྱེད་ཐུབ་པ་དགོས། ལས་བྱེད་པ་ཡག་པོ་ཞིག་འཚར་ལོངས་ཡོང་བར་བྱེད་དགོས་ན་གཅིག་ནས་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་དགོས། གཉིས་ནས་རྩ་འཛུགས་ཀྱི་གསོ་སྐྱོང་ལ་བརྟེན་དགོས། མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་མཐའ་འཁྱོངས་བྱས་ནས་བཟང་འདེམས་འཇོན་བསྐོ་དང་། དུས་བསྟུན་སྤྱོད་མཁས། རྒྱུས་ལོན་བསྐོ་མཁས་སོགས་ཧུར་ཐག་བྱས་ཏེ་ལས་བྱེད་པ་ཡག་པོ་དུས་ཐོག་ཏུ་ཤེས་རྟོགས་དང་ལུགས་དང་མཐུན་པའི་སྒོ་ནས་སྤྱོད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)