ཁྲེན་ཡུང་ཆི་ཡིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་སློབ་ཚན་ཁྲིད་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་རང་ཉིད་ཀྱི་ཁོངས་གཏོགས་ཀྱི་ཏང་ཀྲི་པུའི་ཁོངས་མི་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཅིག་སྡུད་སློབ་སྦྱོང་གནང་བ་དང་འབྲེལ《གཞུང་འཁྱོངས་གསར་འབྱེད་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས》ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས་ཏང་གི་སློབ་ཚན་ཡང་ཁྲིད་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་དང་། ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། དེ་བཞིན་དྲུང་ཡིག་ཁྲུའུ་གཉིས་པའི་ཏང་ཀྲི་པུའི་ཏང་ཡོན་ཡོངས་ཞུགས་ཡོད་པ་རེད།
ཁྲེན་ཡུང་ཆིས་གསུངས་དོན། ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གི་ནང་དོན་དང་། ཀྲུང་གོའི་ཁྱད་ཆོས། ངོ་བོའི་བླང་བྱ། འཐབ་ཇུས་བཀོད་སྒྲིག དམིགས་ཚད་ལས་འགན། རྩ་དོན་གལ་ཆེན་བཅས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཤིག་ཡིན་པའི་རྣམ་བཤད་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ནས་ལག་ལེན་བསྟར་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་བཅས་ཡག་པོ་ཞིག་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡང་དག་པའི་བགྲོད་ལམ་འབའ་ཞིག་ཡིན་པའི་རྣམ་བཤད་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་མཐའ་འཁྱོངས་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བཅས་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པའི་རྣམ་བཤད་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་རྣམ་བཤད་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་བསྟུན་པ་དང“རྒྱུད་གཅིག་ལམ་གཅིག”གི་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཡག་པོ་གཏོད་དགོས། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ་དང་། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ། མཚོ་རྩིས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། བདེན་པ་བདེན་ཐུབ་ཀྱི་བྱས་རྗེས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཅེས་སྐྱོང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མངགས་བཅོལ་དང་རེ་སྒུག་ཟབ་མོར་དྲིན་ལན་འཇལ་དགོས།