དབུ་ཤོག>ཆེད་སྒྲིག
  • 《དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་སྟངས་འཛིན་ནན་པོ་བྱས་ནས་མི་དམངས་དམག་དཔུང་སྟོབས་ཆེན་ཞིག་འཛུགས་སྐྱོང་བྱེད་དགོས》

    (2013ལོའི་ཟླ་3ཚེས་11ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-16

    《དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་སྟངས་འཛིན་ནན་པོ་བྱས་ནས་མི་དམངས་དམག་དཔུང་སྟོབས་ཆེན་ཞིག་འཛུགས་སྐྱོང་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བཅིངས་འགྲོལ་དམག་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་འདིའི་ནང་བསྟན་དོན། དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཡུལ་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁའི་དམག་རྒྱག་ཐུབ་པ། སྤྱོད་ཚུལ་ཕུལ་དུ་བྱུང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱེད་རྒྱུ་དེ་རེད། ཏང་གི་བཀོད་འདོམས་ལ་ཉན་པ་ནི་བླ་སྲོག་ལྟ་བུ་ཡིན་པས། དེས་དམག་དཔུང་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་ཀྱི་ཡོད། རྒྱལ་ཁའི་དམག་རྒྱག་ཐུབ་པ་ནི་སྲོག་ཤིང་ལྟ་བུ་ཡིན་པས། དེས་དམག་དཔུང་གི་རྩ་བའི་འགན་ནུས་དང་དམག་དཔུང་འཛུགས་སྐྱོང་གི་རྩ་བའི་ཁ་ཕྱོགས་མཚོན་གྱི་ཡོད། སྤྱོད་ཚུལ་ཕུལ་དུ་བྱུང་བ་ནི་འགན་ལེན་ཡིན་པས། དེ་ནི་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་གཤིས་བཅས་དང་འབྲེལ་བ་ཡོད་ཅེས་བསྟན་ཡོད། དེའི་ནང་ནན་བཤད་བྱས་དོན། དམག་ཡོངས་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་བཅས་ལ་སྤྱི་འདོམས་བྱས་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དེ་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་ཀྱི་འབད་བརྩོན་བྱེད་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།