དབུ་ཤོག>ཆེད་སྒྲིག
  • 《གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ འཇུག་སྒོ་དང་སྐུལ་སློང་གི་བཀའ་རྒྱ་རེད》

    (2013ལོའི་ཟླ་1ཚེས་22ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-16

    《གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་སུ་གཏོང་བའི་འཇུག་སྒོ་དང་སྐུལ་སློང་གི་བཀའ་རྒྱ་རེད》ཅེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ནང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ལས་འགན་ནི་ཧ་ཅང་ལྗིད་རྫོབ་ཆེ་བ་ཞིག་ཡིན་པ་དང་། གཏན་འབེབས་དོན་ཚན་བརྒྱད་ནི་གང་དེའི་འཇུག་སྒོ་དང་སྐུལ་སློང་གི་བཀའ་རྒྱ་རེད། གཏན་འབེབས་དོན་ཚན་བརྒྱད་ནི་ཚད་གཞི་མཐོ་ཤོས་མིན་ལ། མཐའ་མའི་དམིགས་ཡུལ་ཡང་མིན་པར། དེ་ནི་ང་ཚོས་སྤྱོད་ཚུལ་ལེགས་སུ་གཏོང་བའི་གོམ་པ་དང་པོ་དང་། གུང་ཁྲན་ཏང་མི་ཞིག་ཡིན་པའི་ང་ཚོས་ལག་ལེན་བསྟར་དགོས་པའི་གཞི་རྩའི་བླང་བྱ་ཞིག་རེད་ཅེས་བསྟན་ཡོད། སྤྱོད་ཚུལ་གྱི་གནད་དོན་ལ་མཁྲེགས་བཟུང་གི་རང་བཞིན་དང་བསྐྱར་ཟློས་ཀྱི་རང་བཞིན་ལྡན་པས། དམ་འཛིན་བྱས་ན་ཡག་ཏུ་འགྲོ་བ་དང་ལྷོད་གཡེང་བཏང་ན་བསྐྱར་ལོག་ཐེབས་སྲིད། གཏན་འབེབས་དོན་ཚན་བརྒྱད་ཁྱབ་བསྒྲགས་བྱས་པ་ནི་འགོ་བརྩམས་པ་ཙམ་དང་འགག་གནད་གྲོལ་བ་ཙམ་ཡིན་པས་ད་དུང་འབད་བརྩོན་ཆེན་པོ་བྱེད་དགོས། བྱས་པའི་རྗེས་དང་འདྲུད་པའི་ཤུལ་འཇོག་པའི་ངར་ཤུགས་ལ་བརྟེན་ནས་དམ་འཛིན་གྱིས་འགོ་ཡོད་མཇུག་ཡོད་དང་། ཐབས་མཁས་ཇུས་མཁས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ཕན་འབྲས་དང་འགྱུར་ལྡོག་དངོས་ཟམ་མི་ཆད་པར་མཐོང་ཐུབ་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།