དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གནད་དོན་འགའ་ཞིག》

    (2013ལོའི་ཟླ་1ཚེས་5ཉིན)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-07-15

    《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གནད་དོན་འགའ་ཞིག》ཅེས་པ་འདི་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གསར་དུ་བསྐོ་གཞག་བྱས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད། རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་གཏན་ཚིགས་ཀྱི་རྩོད་སྒྲུབ་གཅིག་གྱུར་དང་། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་། ཀྲུང་གོ་མི་དམངས་ཀྱི་བསམ་འདུན་མཚོན་པ། ཀྲུང་གོ་དང་དུས་རབས་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཤིག་རེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཀྱང་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་ལས་རིང་ལུགས་གཞན་དག་གང་ཡང་མིན་པས། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དོར་མི་རུང་། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་སྐབས་སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་དང་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གཉིས་ཡོད་ཅིང་། འདི་གཉིས་ཕན་ཚུན་འབྲེལ་བ་ཡོད་ལ་ཁྱད་པར་ཡང་ཆེན་པོ་ཡོད་པའི་དུས་སྐབས་གཉིས་ཡིན་མོད། འོན་ཀྱང་ངོ་བོའི་ཆ་ནས་ཚང་མ་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་འཚོལ་ཞིབ་བྱས་པ་ཤ་སྟག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཀྱིས་སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་གི་ལོ་རྒྱུས་ཀྱི་དུས་སྐབས་ཁས་མི་ལེན་པ་བྱེད་མི་རུང་ལ། སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་གི་ལོ་རྒྱུས་ཀྱི་དུས་སྐབས་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁས་མི་ལེན་པའང་བྱེད་མི་རུང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་ནི་ལས་དོན་གལ་ཆེན་ཞིག་ཡིན་པས། ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིའི་ལས་འགན་ནི་མུ་མཐུད་ལས་དོན་འདི་ཡག་པོ་བསྒྲུབ་རྒྱུ་དེ་རེད་ཅེས་ནན་བཤད་གནང་ཡོད།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།