དབུ་ཤོག>ཆེད་སྒྲིག
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་སྒྲིག་གཞིར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-29

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་སྒྲིག་གཞིར་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྐོར་གཟིགས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་གཞུང་དོན་ཁང་གི་དྲུང་ཡིག་ཁྲུའུ་དང་། ཁྲུའུ་དང་པོ། ཁྲུའུ་གཉིས་པ། གྲངས་གཞི་བཀོལ་སྤྱོད་ལྟེ་གནས་བཅས་སུ་ཕེབས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། སྐོར་གཟིགས་གཞུང་དོན་ཁང་གི་བློ་མཐུན་དང་བཞུགས་མོལ་ཡང་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཇི་མ་ཇི་བཞིན་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་། གོ་དོན་མཐིལ་རྟོགས་ཀྱིས་སློབ་སྦྱོང་བཅས་མཐའ་འཁྱོངས་བྱེད་པ། དེའི་གཞི་རྩའི་ལྟ་བ་དང་། ཚན་རིག་མ་ལག དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། དགོངས་པའི་ཟིལ་ཤུགས་མྱོང་ཚོར་གཏིང་ཟབ་བྱེད་པ། ལས་འགན་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་སྐོར་གཟིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།