དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས།

    འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་བཅོས་སྒྲིག་ནན་པོ་བྱས་པར་ཕན་འབྲས་དངོས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-27

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་གཞུང་ཁོངས་མ་རྩའི་མ་དངུལ་གཉེར་སྐྱོང་ཚད་ཡོད་ཀུང་སིའི(གཤམ་ནས་བོད་ལྗོངས་གཞུང་རྒྱུ་མ་འཇོག་ཀུང་སིའི་ཞེས་བསྡུ་རྒྱུ)ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ཚར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཆུ་ངོགས་སྤྱི་གླིང་ཉེ་འགྲམ་གྱི་ས་ཕག་བཟོ་གྲྭ་3ལ་ཁོར་ཡུག་དཔྱད་དཔོག་འགྲོ་ལུགས་གཉེར་མེད་པ་དང་། ས་ཕག་བཟོ་བྱེད་ཀྱི་སེག་མ་དང་། ས་ཕག བེད་མེད་འཛུགས་སྐྲུན་རྒྱུ་ཆ་སོགས་གང་བྱུང་དུ་སྤུངས་པ། འཕྲུལ་ཆས་སྒྲིག་ཆས་བེད་མེད་དུ་སྐྱུར་པ། ཉེན་ཁང་ནང་སྡོད་པ་སོགས་ཀྱི་གནད་དོན་ཡོད་ཚུལ་བཏོན་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་དང་བོད་ལྗོངས་གཞུང་རྒྱུ་མ་འཇོག་ཀུང་སིས་འཕྲལ་དུ་བཅོས་སྒྲིག་ལས་དོན་སྤེལ་རྒྱུའི་སྒྲིག་འཛུགས་བྱས་ཀྱང་། རིམས་ནད་ཀྱིས་རྐྱེན་པས་བཅོས་སྒྲིག་ལས་དོན་སྤེལ་འགོར་དུ་ཕྱིན་ཡོད་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་དུ། གནད་དོན་དེར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་བཅོས་སྒྲིག་དག་ཐེར་ཚོགས་ཆུང་གིས་ཆེད་དོན་བཅོས་སྒྲིག་ལས་འགན་ལ་གཏན་འཁེལ་བྱས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཆེད་དོན་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་བཙུགས་ཐོག་ཆེད་དོན་བཅོས་སྒྲིག་གི་ལག་བསྟར་ཇུས་གཞི་བཟོས་ནས། ཁོར་ཡུག་སྲུང་སྐྱོང་གི་གནད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་དོན་འཁྱོལ་ཐུབ་རྒྱུར་ལྟ་སྐུལ་བྱས་པ་རེད།

    བཅོས་སྒྲིག་ལས་དོན་སྤེལ་ཚུན། བོད་ལྗོངས་གཞུང་རྒྱུ་མ་འཇོག་ཀུང་སིས་གཞུང་ཁོངས་ཁེ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ནན་ཏན་ཁུར་ནས་བཅོས་སྒྲིག་མ་དངུལ་སྒོར་ཁྲི་600ལྷག་ཙམ་བཏང་སྟེ་འགྱངས་ཆད་བྱས་པའི་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་གི་གླ་ཆ་ཁག་ཅིག་སྤྲད་པ་དང་། གྱང་ར་སྨི་1300བསྐོར་བ། སྒྲིག་འགལ་གྱི་སྒྲིག་ཆས་བཤིག་པ་སོགས་བྱས་པ་མ་ཟད། ད་དུང་ཕྱི་རོལ་ཡོངས་སྔོ་འགྱུར་ཡང་བྱས་པ་དང་། ད་ཆ་ས་གནས་ས་ཐོག་གི་བཅོས་སྒྲིག་ལས་འགན་སྒྲུབ་ཚར་ནས་མང་ཚོགས་ཀྱི་ཁས་ལེན་ཡག་པོ་ཐོབ་ཡོད་པ་རེད།

    “ཟླ་6ཚེས་7ཉིན་བར། ཁྱོན་གནད་དོན་35ཡོད་པ་ལས་གནད་དོན་23ཐག་གཅོད་བྱས་ཚར་བ་དང་། གོམ་སྟབས་རྗེས་མར། ང་ཚོས་གནད་དོན་གསེད་བཀྲོལ་དང་བཅོས་སྒྲིག་དག་ཐེར་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱ་རྒྱུ་དང་ཆབས་ཅིག སློབ་སྦྱོང་དང་། ཞིབ་བཤེར། བཅོས་སྒྲིག་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་ལ་ཕན་འབྲས་དངོས་ཐོན་པ་དང་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་མ་ཐེབས་པར་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་གི་འགན་འཁུར་བ་ལུའེ་ཧྥན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།