དབུ་ཤོག>ཆེད་སྒྲིག>“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་།“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད།
  • རི་ཀླུང་མཛེས་ལ་ཆུ་མོ་དྭངས། གངས་ལྗོངས་ས་མཐོའི་སྐྱེ་ཁམས་བཟང་།

    —— རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་ཕན་འབྲས་མངོན་གསལ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-07

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པ་དང་། ཁྲིམས་ལྟར། གནད་སྨིན་ངང་སྦགས་བཙོག་འགོག་བཅོས་མཐའ་འཁྱོངས་བྱས་ཏེ། དགུང་སྔོན་སྲུང་སྐྱོང་དང་། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་། “འགྱིག་སྙིགས་ཀྱི་བཙོག་སྐྱོན”བཅོས་སྐྱོང་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་པ་མ་ཟད། གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་དང་དྲ་ཐོག་དྲ་ཕྱི་མཉམ་འདྲེས་ལྟ་འདོམས་མ་ལག་སྐྲུན་པར་ཤུགས་སྣོན་བརྒྱབ་པར་བརྟེན་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ལོ་མང་རིང་རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་ཤིང་འཛུགས་ནགས་བཟོའི་ལས་དོན་ཚང་མ་ལྕང་སོན་འཛུགས་རྒྱུ་གཙོ་བོར་བྱེད་ཅིང་། 2022ལོར་རང་ལྗོངས་ཀྱིས་ཆར་དུས་སུ་མི་ཐབས་ལ་བརྟེན་པའི་སོན་འདེབས་ཀྱི་ཚན་ཞིབ་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་ཏེ་ས་བོན་ཐད་ཀར་སར་བཏབ་པ་མ་ཟད། ཆར་དུས་སྐབས་དང་བསྟུན་ནས་སྐྱེས་སླ་བའི་ཉིང་རིལ་དང་། ཡུས་དཀར། གླང་ཚེར། ཤུག་པ་སོགས་ཀྱི་སོན་བཏབ་ཡོད། ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་སོན་འདེབས་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    འདི་ལོ་རང་ལྗོངས་ཀྱིས་མི་ཐབས་ལ་བརྟེན་ནས་ས་བོན་འདེབས་པའི་ཚད་བརྒལ་རང་བཞིན་གྱི་ནགས་བཟོའི་བྱེད་ཐབས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་འབྲེལ་འཐུས་སྒོ་ཚང་གཏོང་རྒྱུ་རེད། 2023ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས། ཆུ་ཤུར་རྫོང་བཅས་དང་དེ་བཞིན་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་བཅས་སུ་སོན་འདེབས་ནགས་བཟོའི་ལས་དོན་སྤེལ་ནས་སོན་འདེབས་ལས་འགན་མུའུ་ཁྲི་97ལེགས་སྒྲུབ་བྱེད་རྒྱུ་དང་མ་དངུལ་སྒོར་ཁྲི་1552གཏོང་རྒྱུ་ཡིན་པ་རེད།

    ས་བོན་གྱི་ཕན་ནུས་ཧ་ཅང་ཆེ་ལ། འཕྲོད་ཤུགས་དང་འཚར་སྐྱེས་ཐུབ་ཚད་ལྕང་སོན་ལས་ཀྱང་ཆེ་བ་ཡོད།

    “སོན་འདེབས་ནགས་བཟོའི་བྱེད་ཐབས་དེ་ཕྱོགས་བསྡུས་དང་བརྟན་པའི་ནགས་ཚལ་མ་ལག་ཆགས་པ་དང་། ནགས་བཟོའི་འཕེལ་རིམ་མགྱོགས་སུ་གཏོང་བ། རང་ལྗོངས་ཀྱི་ནགས་བཟོའི་མ་གནས་ཆུང་དུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད”ཅེས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཀྲི་ཀོང་གིས་བཤད།

    ལོ་མང་རིང་གངས་ལྗོངས་ཀྱི་བུ་ཕྲུག་གྲངས་མེད་ཀྱིས་བཏབ་པའི་ས་བོན་དང་ལྕང་སོན་རེ་རེ་ཁང་པའི་རྒྱབ་མདུན་དང་རི་ལྡེབས་དང་གྲམ་ཐང་དུ་སྐྱེ་འཚར་བཟང་པོ་བྱུང་ཡོད།

    རི་ཀླུང་མང་པོ་སྔོ་ལྗང་གིས་བརྒྱན་ལ། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བའི་མཛེས་སྡུག་ཡུལ་ལྗོངས་ལས། ལོ་མང་རིང་རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་གྲུབ་འབྲས་མངོན་བཞིན་མཆིས།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པར་བརྩིས་པ་མ་ཟད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་སྐྲུན་པ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལས་ལྷག་པའི་ཆོད་སེམས་དང་ངར་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་བཏང་ཡོད།

    དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཀྱི་སྐྱེ་མཁས་ཤེས་དཔལ་མཐོ་ས་འཛུགས་གཏོད་གཞུང་ལས་ཁང་བཙུགས་ནས་བྱ་སྤྱོད་ཆེན་པོ་བཅུ་དང་། ལོ་འཁོར་གྱི་གཙོ་གནད་ལས་འགན་ཁག་53 གཙོ་གནད་འདེགས་སྐྱོར་རྣམ་གྲངས་ཁག་14 མཚོན་རྟགས་རང་བཞིན་གྱི་འདུ་འགོད་ཁག་4བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་རིགས་ཆེ་གྲས་6གི་དམིགས་ཚད་ཁག་32ནང་ནས་རྣམ་གྲངས་ཁག་11རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    འདི་ལོ་ནས་བཟུང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་ལག་བསྟར་བྱེད་ཉེར་ཡོད་པ་དང་རང་ལྗོངས་ཀྱི་2023ལོའི་སྤྱི་ཁྱབ་ནགས་དཔོན་གྱི་བཀའ་རྒྱ་དང་པོ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་བཅོས་སྒྲིག་ཇུས་གཞི། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་འཆར་འགོད་བཅས་ཡོངས་བསྒྲགས་བྱས་པས་རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་དང་ལམ་ལུགས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།

    མིག་སྔར། རི་སྔོན་ཆུ་དྭངས་ཀྱི་བྱ་སྤྱོད་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ལ། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་བརྟན་བགྲོད་རྒྱང་འཁྱོལ་བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་སྲུང་སྐྱོང་ཧུར་ཐག་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འབད་ནས་སྐྱེ་ཁམས་བཟང་པོ་དེ་ཀུན་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་དང་བཀྲག་མདངས་འཚེར་བའི་འཕེལ་རྒྱས་ཀྱི་རྨང་གཞིར་འགྱུར་བར་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།