དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས།

    བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་ཁྲིམས་འཛིན་འདྲི་གཅོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  •     སྤེལ་དུས།  2023-06-03

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཞི་པའི་མཛུབ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་ཀྱིས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པར་སློབ་སྦྱོང་གི་གྲུབ་འབྲས་འདྲི་གཅོད་ལག་བསྟར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཏན་ཏིག་མངོན་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་ཁྲིམས་འཛིན་འདྲི་གཅོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    ཚད་གཞི་མཐོ་བའི་བཀོད་སྒྲིག་དང་ཚུགས་གནས་མཐོ་བའི་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་ཀའི་བླང་བྱ་ལྟར་ཇུས་འགོད་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། ལག་བསྟར་ཞིབ་ཚགས་བཅས་བྱས་པས་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པ་ཞིག་བྱུང་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྔ་རྗེས་སུ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་། ཏང་ཙུའི་ཚོགས་འདུ། ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་བཅས་འཚོགས་ནས《ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང་དེ་བཞིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱེད་པ་དང་བོད་ཀྱི་ཁྲིམས་ཁང་གི་དོན་དངོས་དང་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་དང་ནུས་ལྡན་གཏོང་བའི་འགན་ལེན་བྱས་ཡོད།

    སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་ནས་ཐབས་ཤེས་འཚོལ་བ་དང་དྲིས་ལན་འཚོལ་བར་སྐུལ་འདེད་བཏང་ཞིང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་ཀྱིས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་མ་རྩོམ་ལ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྟབས་བསྟུན་སྣ་མང་གི་བྱེད་ཐབས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ་དང་། ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་ཁྲིམས་དཔོན་གྱི་འཆད་ཁྲིད་ཆེ་མོ་གཉེར་བ། འགོ་ཁྲིད་གཙོ་བོའི་ཆེད་དོན་ཟུར་ཁྲིད་དང་། ཚན་ཁག་གི་ཁོངས་མིའི་སྤེལ་རེས་བགྲོ་གླེང་། ཀྲི་པུའུ་ཡི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤེལ་བ། ཟུར་ཁྲིད་འཆད་ཁྲིད་དང་ཞིབ་བསྡུར་སྤེལ་རེས་སོགས་བརྒྱུད་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་དང་ཆད་ལུས་མེད་པར་བྱས་པ་རེད།

    ཏང་ཀྲུང་དབྱང་གིས་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པའི་ལས་ཀའི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ལག་བསྟར་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི》དུས་ཐོག་ཏུ་བཟོས་པ་རེད། ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་འབྲིང་རིམ་དང་གཞི་རིམ་ཁྲིམས་ཁང་དང་འདྲི་གཅོད་དང་ལག་བསྟར་བྱ་ཡུལ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་གྱོད་དོན་དོ་དམ་དང་། འདྲི་གཅོད་དང་ལག་བསྟར་ལས་སྒོ དཔུང་ཁག་འཛུགས་སྐྱོང་སོགས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོའི་འཚོལ་བཤེར་དག་ཐེར་ལས་དོན་དེ་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རྩིས་ཐོ་བཟོས་ཏེ་རེ་རེ་བཞིན་བཅོས་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འཕྲལ་བཤེར་འཕྲལ་བཅོས་དང་ཤེས་འཕྲལ་ལེགས་བཅོས་མཐའ་འཁྱོངས་བྱས་ནས་མིག་སྔར་བཅོས་སྒྲིག་བྱེད་ཐུབ་རིགས་ལ་དུས་བཀག་དང་བླང་བྱ་ཁ་གསལ་བཟོས་ནས་དུས་བཀག་ལྟར་བཅོས་སྒྲིག་གནད་ལ་འཁེལ་བ་བྱས་པ་དང་། དུས་ཐུང་ནང་ཐག་གཅོད་བྱེད་དཀའ་བའི་རིགས་ལ་དམ་འཛིན་ལྷོད་མེད་བྱས་ནས་དུས་མཚམས་ཀྱི་དམིགས་ཚད་ཁ་གསལ་དང་བཅོས་སྒྲིག་རྒྱུན་མཐུད་བྱས་ཏེ་མི་དམངས་མང་ཚོགས་ལ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དངོས་ཚོར་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།