རང་ལྗོངས་ཀྱི་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པས་ཚད་གཞི་མཐོ་པོའི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ།
སྦྱོང་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གྲུབ་འབྲས་གཞན་སྒྱུར་ལ་སྣང་ཆེན་བྱེད་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པས་གཏམ་བཤད་འགྲན་བསྡུར་སྒྲིག་འཛུགས་དང་། “སློབ་ཁང་ཆུང་ངུ”གཉེར་བ། དང་བླངས་ཞབས་ཞུ་སྤེལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚད་གཞི་མཐོ་པོའི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་རེད།
བརྗོད་དོན་གཙོ་བོའི་སློབ་གསོའི་གཞི་རྟེན་གསར་གཏོད་ལ་སྐུལ་འདེད་དང་སློབ་སྦྱོང་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་ཆེད། ཟླ་5ཚེས་30ཉིན། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ཞིབ་མཛུབ་ཁྲིད་ཚོགས་ཆུང་གཉིས་པས་ཚན་པ་སྒྲིག་འཛུགས་དང་འབྲེལ་གཏུག་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གླེང་སྟེགས་གཉེར་བ་རེད།
བརྗོད་དོན་གཙོ་བོའི་སློབ་གསོའི་གླེང་སྟེགས་དེ་གཏམ་བཤད་ཀྱི་རྣམ་པའི་ཐོག་ནས་སྤེལ་ཞིང་། སྐོར་ཞིབ་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་འབྲེལ་གཏུག་ཚན་པ་བདུན་དང་ཏང་ཀྲི་པུའུ་95ཡི་ཁྲོད་ནས་བདམས་པའི་འགྲན་ཞུགས་བདམས་ཐོན་པ་13གྱིས་ཉེ་འགྲམ་གྱི་མི་སྣ་དང་ཉེ་འགྲམ་གྱི་བྱ་བ་སྒྲོག་འགྲེལ་བྱས་པ་བརྒྱུད་རང་རང་སོ་སོར་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ནས་བྱུང་བའི་མྱོང་ཚོར་ལོངས་སྤྱོད་བྱས་པ་རེད། བྱེད་སྒོའི་ནང་བྱ་དགའ་ཡོད་པའི་ལན་འདེབས་རྣམ་གྲངས་བཟོས་པས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་ཡོད་ཤེས་བྱ་ལན་འདེབས་པའི་རྣམ་པའི་ཐོག་ནས་མི་སེམས་སུ་གཏིང་ཟབ་ཟུག་པ་བྱས་ཏེ“འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་མ་གཏོང་བའི”དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཡོད།
“བྱེད་སྒོ་དེས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་སྤེལ་རེས་ལས་སྟེགས་དང་དགེ་མཚན་ལྡན་པའི་ཉམས་མྱོང་མཁོ་འདོན་བྱས་པས་བློ་སྒོ་ཕྱེ་ཡོད” ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཧུའེ་ཧྲའོ་ཡིས་གོམ་སྟབས་རྗེས་མར“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་བླང་བྱ་ལྟར་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས“སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་། ཞིབ་འཇུག་ལ་བརྟེན་ནས་ཞིབ་བཤེར་ལ་སྐུལ་འདེད་གཏོང་བ།ཞིབ་བཤེར་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས་གཟའ་འཁོར་རེར་རྩ་འཛུགས་པུའི་ལས་བྱེད་པར“སློབ་ཁང་ཆུང་ངུའི”སློབ་ཚན་ཐེངས་རེ་འཚོགས་ཤིང་། འབྲེལ་ཡོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་གཟའ་འཁོར་རེར་ཐེངས་རེ་འཚོག་པའི“སློབ་ཁང་ཆུང་ངུའི”ནང་སྒྲིག་ཁུངས་ལས་དོན་གྱི་ལས་སྒོ་དང་གཞུང་དོན་སྒྲུབ་པའི་རྨང་གཞིའི་ཤེས་བྱ་གཙོ་གནད་ཐོག་སློབ་སྦྱོང་བྱས་ནས་པུའུ་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པས་ཤོད་མཁས་པ་དང་། འབྲི་མཁས་པ། ཐབས་ཇུས་འདོན་མཁས་པ། བྱ་བ་སྒྲུབ་མཁས་པ་བཅས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས“ཆབ་སྲིད་ལ་སྣང་ཆེན་དང་། དྲང་གཞག་ལ་མཐོང་ཆེན། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ”བཅས་ཀྱི་དཔེ་བཟང་ལས་ཁུངས་ཤིག་སྔར་བས་གཏོད་ཆེད་སློབ་སྦྱོང་དང་ལག་ལེན་གྱི་ལས་སྟེགས་ཤིག་བསྐྲུན་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་དང་སྡེ་ཁུལ་གྱི་རིག་གནས་ལ་སྐུལ་འདེད་གཏོང་བ་དང་སྡེ་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་ཁྲིད་བྱེད་པའི་ཐད་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཡོན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱ་མཚོ་སྡེ་ཁུལ་གྲོང་ལྷན་དུ་བསྐྱོད་དེ་རིག་རྩལ་སྡེ་ཁུལ་དུ་ཁྱབ་གདལ་གཏོང་བ་དང་ཏང་ཡོན་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་རིག་རྩལ་དང་བླངས་པ་མི་རེ་ངོ་རེའི་འགྲམ་དུ་སྡེ་ཁུལ་གྱི་གྲོང་མིས་ཁེངས་ནས་བརྩམས་ཆོས་སྤྲོད་པ་དང་སྤེལ་རེས་དང་དཔྱད་བསྡུར་བྱེད་པའི་ཁྲོད་ཕན་ཚུན་བརྩེ་དུང་ཟབ་ཏུ་ཕྱིན་ཡོད།
“ང་ནི་ཡིག་གཟུགས་ལ་དགའ་ཞེན་ཡོད་པ་ཞིག་ཡིན། དེ་རིང་ཆེད་ལས་དགེ་རྒན་གྱིས་མཛུབ་ཁྲིད་གནང་བར་དངོས་གནས་དགའ་པོ་བྱུང་ལ་ཕན་པའང་ཆེན་པོ་ཐོབ་བྱུང”ཞེས་སྡེ་ཁུལ་གྱི་མང་ཚོགས་བསྟན་འཛིན་རྣམ་རྒྱལ་གྱིས་བཤད།