དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པ་ཁག་དང་པོས་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པ་ཁག་དང་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཞི་རིམ་དུ་གཞི་ཚུགས་པ་དང་འཐབ་ས་དང་པོར་བསྐྱོད་དེ་དམངས་ཀྱི་འདོད་བློ་ཉན་པ་དང་གནས་ཚུལ་དངོས་མཐིལ་རྟོགས་དང་། བྱ་ཐབས་དངོས་འདོན་པ་དང་དཀའ་གནད་སེལ་བ་བཅས་བྱས་ཏེ“གནད་དོན་གྱི་གསལ་ཐོ”རེ་རེ“ཕན་འབྲས་ཀྱི་གསལ་ཐོ”རེ་རེ་བཞིན་ལ་འགྱུར་བ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་དུས་མཚམས་དང་རིམ་པ་དབྱེ་ནས་བརྟག་ཞིབ་ཚོགས་ཆུང་8སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་བྱེད་ཐབས་སྣ་མང་གི་ཐོག་ནས་ཁག་བགོས་དོ་དམ་གྱི་ཁྱབ་ཁོངས་དང་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་པ་དང་། གནས་ཚུལ་དངོས་ལ་ཞིབ་བཤེར་ཞིབ་ཚགས་དང་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་། འཕྲལ་མཁོ། རེ་སྒུག་རྟོགས་པ་བཅས་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས་འཚོལ་ཞིབ་བྱས་ཡོད། དེའི་ཁྲོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཆ་འཕྲིན་ཁྲུའུ་ཡིས་བརྟག་ཞིབ་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་དུ་བསྐྱོད་དེ་རིམས་ནད་རྗེས་ཀྱི་ཡུལ་སྐོར་ལས་རིགས་སླར་གསོ་དང་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་བྱས་ཡོད། བརྟག་ཞིབ་ཚོགས་ཆུང་གིས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་སྨན་གླིང་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་དང་བཞུགས་མོལ་བྱས་ནས་འབྲེལ་ཡོད་གནད་དོན་འདྲི་རྩད་དང་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་ཤེས་རྟོགས་དང་། ཡུལ་སྐོར་བ་དང་གླེང་མོལ། གནས་ཚུལ་དངོས་ཤེས་རྟོགས། མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་པ་བཅས་བྱས་ནས་གནས་ཚུལ་ཁོང་དུ་ཆུད་པ་དང་། གནད་དོན་མཐིལ་རྟོགས་ཡང་དག རྒྱུ་རྐྱེན་གསལ་རྟོགས་བཅས་བྱས་པ་རེད། བརྟག་ཞིབ་ཀྱི་གནས་ཚུལ་གཞིར་བཟུང་། བརྟག་ཞིབ་ཚོགས་ཆུང་གིས་ཉིང་ཁྲིའི་ཡུལ་སྐོར་སྤུས་རྟགས་གཏོད་པར་མ་དངུལ་མི་འདང་བ་དང་ཡུལ་སྐོར་ལས་དོན་ཁང་གི་ཞིབ་མཆན་དབང་ཚད་ད་དུང་གཤམ་སྤྲོད་ཐུབ་མེད་པ་སོགས་ཕྱོགས་བཞིའི་ཐད་ཀྱི་དཀའ་ངལ་ཕྱོགས་སྡོམ་བྱས་པ་མ་ཟད། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཡུལ་སྐོར་འགྲིམ་འགྲུལ་སྒྲིག་ཆས་བསྐྲུན་པར་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་གྲོས་འགོ་བཏོན་ནས་རིམས་ནད་རྗེས་ཀྱི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱས་པ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭའི་ཏང་ཀྲི་པུས“ཏང་ཡོན་ཉལ་ཁང་དུ་སྐྱོད་པའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་ཏང་ཡོན་ལས་བྱེད་པས་ཉལ་ཁང་རེར་འགན་གཙང་བླངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་གཏིང་ཟབ་བྱས་ནས་སློབ་སྦྱོང་དང་ལག་བསྟར་གྱི་རྣམ་པ་བཟང་པོ་བཏོད་ཡོད། སློབ་གྲྭའི་སྒྱུར་བཅོས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ཀྱི་གནད་དོན་ལ་དམིགས་ཏེ་སློབ་གྲྭའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རེ་རེས་ཆེད་དོན་གཅིག་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་ཏང་ཀྲི་པུས་སློབ་མ་དང་། དགེ་རྒན། རྩལ་ཁྲིད་པ་བཅས་དང་ངོ་ཐུག་གདོང་འཕྲད་ཀྱི་ཆེད་དོན་ཚོགས་འདུ་ཐེངས་གསུམ་འཚོགས་ནས་གནད་དོན་12གསེད་བཀྲོལ་ཕྱོགས་སྒྲིག་དང་། གནད་དོན་6འཕྲལ་སྒྲུབ་འཕྲལ་བཅོས། གྲོས་འགོ་ཁག་6བཏོན་པ་བཅས་བྱས་ཡོད། དགེ་སློབ་ཁག་གཅིག་གི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་དམིགས་ཚད་གལ་ཆེན་དུ་བརྩིས་ཏེ། སྔ་རྗེས་སུ་དམངས་ཕན་གོས་འཁྲུད་ཁང་བསྐྲུན་ནས་གྱོན་ཆས་འཁྲུ་དཀའ་བ་སོགས་ཀྱི་སློབ་མའི་དཀའ་ངལ་ཐག་གཅོད་བྱེད་ཐབས་བཏོན་ཡོད། རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་མཐུན་ཚོགས་དང་རྒན་རྒོན་ལུས་རྩལ་མཐུན་ཚོགས་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་དགེ་རྒན་གྱི་དངོས་སྦྱོང་རྟེན་གཞི་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་རེད།

    མི་སྤྱི་སྡེ་ཚན་ནི་དམངས་འཚོའི་སྡེ་ཚན་གལ་ཆེན་ཞིག་རེད། ཉིན་ཤས་བསྟུད་མར་རང་ལྗོངས་མི་སྤྱི་སྡེ་ཚན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ལས་ཞུགས་བོད་སྐྱོར་འབྲེལ་མཐུད་དང་། ལྗོངས་ཕྱིའི་ལས་ཞུགས་ལས་གཏོད་གསོ་སྦྱོང་སློབ་གྲྭར་སྤེལ་བ། “ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ཁྲོམ་རའི་ལས་ཞུགས་སོགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་ངལ་ནུས་མངགས་གཏོང་ཚན་པས་ལས་གནས་བརྟན་གཏོང་མ་དངུལ་འཐེན་ཉར་དང་མི་སྤྲོད་པའི་གནད་དོན་དང་ལས་ཤོར་འགན་བཅོལ་ཐོབ་ཆ་སྤྲོད་པའི་ཐད་ལྷགས་པའི་གནད་དོན་སྐོར་ཆེད་དོན་བཅོས་སྒྲིག་གི་ལས་དོན་ཧུར་ཐག་སྤེལ་བ་དང་། ཁྲོན་བོད་ལྕགས་ལམ་སོགས་རྨང་གཞིའི་རྣམ་གྲངས་འཛུགས་སྐྲུན་ལ་རང་འགུལ་ངང་གཞོགས་འདེགས། མཐའ་མཚམས་ཀྱི་ཤེས་ལྡན་མི་སྣའི་སྲིད་ཇུས་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཤེས་ལྡན་མི་སྣ་མཐའ་མཚམས་སུ་སྐྱོད་པར་ཁྲིད་སྟོན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི“དམངས་འཚོའི་འདུ་འགོད་ཁག་བཅུའི”ནང་མི་སྤྱི་སྡེ་ཚན་དང་འབྲེལ་བ་ཡོད་པའི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་བཏང་བའི་རྨང་གཞིའི་ཐོག་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ“དམངས་འཚོའི་དོན་དངོས་བཅུ”ཡག་པོ་སྒྲུབ་པར་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ནས་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་པར་བྱས་ཡོད། གཞན་ཡང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་གྱི་གྲོང་ཚོར་བཅའ་སྡོད་ལ་ལོ་བཅུ་གྲངས་རིང་འཕྲད་མ་མྱོང་བའི་རླུང་འཚུབ་ཆེན་པོའི་གནོད་འཚེ་ཕོག་པ་ཤེས་རྗེས་འཕྲལ་མར་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་གཟན་རྩྭ་ཏུན་32.3ཐག་གཅོད་བྱས་ནས་ས་གནས་དེ་གའི་འབྲོག་པའི་དཀའ་ངལ་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།