རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་སྐོང་བསྡུ་བ་ཀྲོང་ཡན་གྱིས་མཐུན་སྦྱོར་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས།གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། འགན་འཁྲི་དང་ལས་འགན་ཁ་གསལ་བཟོ་བ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ། ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་མཐུན་སྦྱོར་ལམ་སྲོལ་གྱི་སྐོང་བསྡུ་བ་གཞོན་པ་ལིའུ་ཅང་ཚོགས་འདུར་ཕེབས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གནས་ཚུལ་གསར་པ་དང་། བླང་བྱ་གསར་པ། འགྲན་སློང་གསར་པ་བཅས་ལ་ཁ་གཏད་གཅོག་པ་དང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ། སྤྱི་ཡོངས་ཀྱི་འདུ་ཤེས་དང་། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། གཞུང་འཁྱོངས་གསར་གཏོད་དང་གསར་འབྱེད་ཡར་བརྩོན་མཐའ་འཁྱོངས་བཅས་བྱས་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་སྔར་བས་ཏན་ཏིག་དང་། སྔར་བས་གནས་ལ་འཁེལ་བ། སྔར་བས་ནུས་ལྡན་བཅས་བྱེད་དགོས། གྲོང་ཁྱེར་གྱི་སྡེ་ཁུལ་དང་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ལེགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཚད་གཞི་ཁ་གསལ་བཟོ་བ་དང་། གནད་སྨིན་རིགས་དབྱེ། གནད་འཁེལ་ཇུས་འདོན། ཕྱོགས་ཡོངས་རིམ་སྤོར་བཅས་བྱས་ཏེ་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་དགོས། ཏང་ཡོན་དང་། ལས་བྱེད་པ། སྡེ་ཁུལ་གྱི་ལས་དོན་པ། དང་བླངས་པ་བཅས“དཔུང་ཁག་བཞི”འཛུགས་སྐྱོང་ཡག་པོ་བྱས་ཏེ་མང་ཚོགས་ལ་མཐུན་སྒྲིལ་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བཅས་བྱེད་དགོས། དོན་དངོས་ནས་འགོ་བཙུགས་ཏེ་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཕྱོགས་ཡོངས་ནས་ལེགས་སུ་དང་རིམ་པ་སྤོར་བ་དང་། གཞི་རིམ་བཅོས་སྐྱོང་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྲིད་ཇུས་དྲིལ་བསྒྲགས་དང་། དམངས་ཀྱི་གནས་ཚུལ་འབྲེལ་མཐུད། དམངས་ཕན་ཞབས་ཞུའི་ལས་ཕྱོད་བཅས་མཐོ་རུ་ཏན་ཏིག་གཏོང་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འགོ་ཁྲིད་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་དང་། སྤྱི་འདོམས་མཐུན་སྦྱོར། དངོས་འཛིན་དངོས་སྒྲུབ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཐད་ལོ་ལྟར་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། གོང་འོག་མཉམ་སྒུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་འབྲེལ་མཐུད་མཉམ་སྒུལ་དང་། དུས་བཀག་ལྟར་བཀོད་པ་དང་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་སྟེ་འབྲེལ་ཡོད་གནད་དོན་ལ་ཐུན་མོང་ཐོག་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། དལ་མྱུར་བརྗེ་སྒྱུར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྩ་འཛུགས་ཀྱི་མ་ལག་ལས་ཕྱོད་ཆེན་པོས་འཁོར་སྐྱོད་ཐུབ་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པར་ལྕག་སྐུལ། ཐོལ་བྱུང་གི་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།