ལེ་ཚན་བཏོད་པའི་གཏམ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྩ་བའི་བླང་བྱ་ཞིག་རེད། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་མཚམས་འདིར། རྒྱ་ཆེའི་ཀློག་པ་པོས་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་ཁག་ཁ་གསལ་གོ་བདེའི་ངང་ཁོང་དུ་ཆུད་ཆེད། འདི་ག་ཚགས་པར་གྱི་པར་ངོས་ལྔ་པར《བརྗོད་དོན་གཙོ་བོའི་སློབ་གསོ》ཞེས་པའི་ལེ་ཚན་འདི་བཀོད་སྒྲིག་ཞུས་ཡོད་པས་ལྷན་རྒྱས་ནས་དོ་ཁུར་ཡོད་པ་ཞུ།
དུས་ཚོད།
ད་ལོའི་ཟླ་4པ་ནས་བཟུང་འགོ་བཙུགས་པ་དང་། ཏང་ཡོངས་སུ་གོང་ནས་འོག་བར་ཁག་གཉིས་ལ་དབྱེ་ནས་སྤེལ་བ།
ཁྱབ་ཁོངས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ལྟར། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ་ཏང་ཡོངས་སུ་གཏིང་ཟབ་ངང་སྤེལ་བ།
དམིཌ་ཡུལ།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་ངེས་ནས། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་ཆེད་ཡིན་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མཉམ་སྡེབ་སློབ་སྦྱོང་སྐབས་བརྗོད་དོན་གཙོ་བོའི་སློབ་གསོར་དམིགས་ཏེ་ཏང་ཡོངས་ལ་མིག་དཔེ་བསྟན་པ།
ད་ལོའི་ཟླ་4པ་ནས་བཟུང་། ཏང་ཡོངས་ཀྱི་གོང་ནས་འོག་བར་ཁག་གཉིས་ལ་དབྱེ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་རེད། ཟླ་3ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་པ་བྱས་པ་རེད། སློབ་སྦྱོང་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད།