དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-22

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་16ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོང་ཡན་གྱིས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་ཀའི་སྙན་སེང་གསན་པ་དང་ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝང་ཅུན་དང་སྒྲོལ་དཀར་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་2023ལོའི་གཙོ་གནད་ལས་འགན་གྱི་གསལ་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྒྱུར་བཅོས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་དང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་། ཤེས་རྟོགས། བཀོལ་སྤྱོད་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་འཁུར་རྒྱུར་སྐུལ་མ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། ལས་དོན་ཨུ་ལྷན་གསར་པ་གཉིས་བཀོད་སྒྲིག་དང་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་རྣམ་གསར་པ་དང་ལས་ཞུགས་གསར་པའི་ཚོགས་སྤྱིའི་ཏང་འཛུགས་སྐྱོང་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཏང་འཛུཌ་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། མཐོ་སློབ་དང་། སློབ་གྲྭ་འབྲིང་ཆུང་། གཞུང་བཙུགས་སྨན་ཁང་སོགས་ཀྱི་ཏང་འཛུགས་སྐྱོང་ལམ་ལུགས་དང་གཏན་འབེབས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་འབྱོར་ཐོ་འགོད་པ་དང་ཏང་ཡོན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱེད་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས་སྔར་བས་ཟབ་སྤེལ་དང་། མི་སྣ་འདེམས་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས“གསོ་སྐྱོང་དང་། གདན་འདྲེན། བེད་སྤྱོད། ཉར་བ”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་སྤྱི་འདོམས་སྐུལ་འདེད་བཏང་སྟེ“ཇོ་མོ་གླང་མའི་ཤེས་ལྡན་མི་སྣའི”འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས་ཨུ་ལྷན། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་སྐབས་བརྗེའི་ལས་དོན་ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་ནས་སྒྱུར་བཅོས་སྒུལ་ཤུགས་སུ་བྱས་ཏེ་ཚོགས་པའི་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།