དབུ་ཤོག>ཆེད་སྒྲིག
  • མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་སྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-22

    ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན་ནས་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་སྒྲིག་བྱས་པའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་སྐྲུན་པ་སོགས་ཀྱི་ལས་འགན་ཁག་གི་ཁྲོད་སློབ་སྦྱོང་དང་བརྟག་ཞིབ་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

    ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ནི་ལོ་རྒྱུས་ལ་གཞིགས་པ་དང་། དེང་སྐབས་ལ་གཞི་ཚུགས་པ། གོ་ལ་ཧྲིལ་པོར་ཕྱོགས་པ། འབྱུང་འགྱུར་ལ་དམིགས་པ་བཅས་ཡིན་ཞིང་། འདི་ནི་བརྒྱུད་རིམ་ཆ་ཚང་བ་དང་། གཏན་ཚིགས་ཚགས་ཚུད་པ། ནང་དོན་ཕུན་སུམ་ཚོགས་པ། རྒྱ་ཆེ་ཞིང་གཏིང་ཟབ་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་མ་ལག་ཅིག་རེད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་ཧུར་ཐག་བྱེད་པར། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། སྙིང་བཅུད་ཀྱི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་གོ་བ་བླངས་ཏེ། སྤྱི་ཡོངས་སྟངས་འཛིན་དང་གོ་དོན་མཐིལ་རྟོགས་ཡོང་བར་ཤུགས་བརྒྱབ་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས།

    སྐྱེ་ཁམས་ཁོར་ཡུག་པུས་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པར་ཤུགས་རྒྱག་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ཏེ། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》དེབ་དང་པོ་དང་གཉིས་པ་གཙོ་གནད་ཐོག་སློབ་སྦྱོང་དང་བགྲོ་གླེང་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་ཞིབ་ཀློག་ནན་ཏན། 《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་སློབ་སྦྱོང་རྩ་གནད》དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་བཅས་བྱས་ཏེ། སློབ་སྦྱོང་གཏིང་ཟབ་བྱེད་པར་བརྟེན་ནས་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་གཤིས་སྤྱོད་བཟང་དུ་གཏོང་བ། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཡོད་པ་རེད།

    རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་གཅིག་སྡུད་སློབ་སྦྱོང་དང་སྤེལ་རེས་བགྲོ་གླེང་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་ནགས་ཚལ་རྩྭ་ཐང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་བྱས་ནས། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཟབ་ཏུ་བཏང་ནས་ལག་ལེན་བསྟར་བ་དང་། བྱ་ཐབས་དངོས་ཏན་ཏིག་བཏོན་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་ངང་སྤེལ་བ་སོགས་ཀྱི་ལས་འགན་གལ་ཆེན་ལ་ཇུས་འགོད་གཏིང་ཟབ་དང་། བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། མུ་མཐུད་ཤུགས་རྒྱག་པ་བཅས་བྱས་ཡོད་པ་རེད།

    ནོར་སྲིད་པུས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བ་རྒྱལ་ཡོངས་ཀྱི་ནོར་སྲིད་ཐོན་ཁུངས་ཁོར་ཡུག་སྲིད་ཇུས་གསོ་སྦྱོང་འཛིན་གྲྭ་དང་ནོར་སྲིད་པུའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཅིག་སྡུད་གསོ་སྦྱོང་འཛིན་གྲྭར་སློབ་ཁྲིད་བྱེད་པར་གདན་དྲངས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ནོར་སྲིད་ཁོངས་གཏོགས་སུ་དོན་འཁྱོལ་ཏན་ཏིག་ཡོང་བ་དང་ཕན་འབྲས་བཟང་པོ་ཐོན་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག རང་བྱུང་ཐོན་ཁུངས་པུས་བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་ནས་བྱེ་རྡོ་སྔོག་འདོན་གྱི་དོ་དམ་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ས་ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་ཚོད་ལྟ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་སྔ་རྗེས་སུ་བཏོན་ནས། སློབ་སྦྱོང་གི་ཕན་འབྲས་དང་བརྟག་ཞིབ་ཀྱི་གྲུབ་འབྲས་གནད་དོན་ཐག་གཅོད་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་ཏན་ཏིག་བསྒྱུར་ཏེ། ཞབས་ཞུར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་པ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ་རེད།

    (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    གཙོ་གནད་ཐོག་ལས་ཀའི་མ་ལག་རང་བཞིན་མཐོ་རུ་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་འདུས་གྲུབ་བྱས་ཏེ་ཞིང་ལས་ལྗང་མདོག་ཕྱོགས་སྒྱུར་གྱི་གྲུབ་ཆའི་རང་བཞིན་གྱི་དཀའ་ངལ་དང་འབྱུང་རྩའི་རང་བཞིན་གྱི་གནད་དོན་སེལ་བ་དང་། ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། འབྲི་ཆུར་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི་ལས་དོན་ལ་དམ་འཛིན་ལྷོད་མེད་བྱེད་པ། ཞིང་ལས་ཀྱི་སྦགས་བཙོག་འབྱུང་རྩ་འགོག་བཅོས་ལ་འདུས་གྲུབ་སྐུལ་འདེད་གཏོང་བ་སོགས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་པུས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར་བཅས་འབྲེལ་མཐུད་བྱེད་པ་མ་ཟད། སྐྱེ་ཁམས་ཐཱན་ཉུང་ཞིང་ལས་གང་མགྱོགས་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གཙོ་གནད་ཐོག་ལེགས་སུ་བཏང་བ་རེད།

    ཆུ་བེད་པུས་གནད་དོན་གྱི་ཕྱོགས་སྟོན་དང་དམིགས་ཚད་ཀྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དོན་དངོས་དང་ཟུང་འབྲེལ་གྱིས་གཞི་རིམ་དུ་བསྐྱོད་དེ། རྫ་ཆུ་རྒྱུག་ཁུལ་གྱི་སྲུང་སྐྱོང་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་དང་རྨ་ཆུའི་ཆུ་བེད་ཚན་རིག་ཞིབ་འཇུག་ཁང་གི་ཚོད་ལྟའི་རྟེན་གཞིར་བརྟག་ཞིབ་སོགས་བྱས་ཏེ། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅོས་སྐྱོང་སོགས་ཀྱི་ཞིབ་འཇུག་བྱ་གཞི་གཙོ་བོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།