དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-05-22

    2020ལོ། ③

    ★ ཟླ་12ཚེས་24དང་25ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་ལྟ་མཁས་པོ་བྱེད་པ། ཆབ་སྲིད་ཀྱི་སྤྱི་ཡོངས་ལ་སྟངས་འཛིན་མཁས་པོ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

    ★ ཟླ་12ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག》བཀྲམ་ཡོད།

    ★ ཟླ་12ཚེས་26ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་། འདི་ནི་རྒྱལ་ཡོངས་རང་བཞིན་གྱི་འབབ་རྒྱུད་ཀྱི་ཁྲིམས་འཛུགས་ཐོག་མ་དེ་རེད།

    ★ ཟླ་12ཚེས་30ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་17པའི་ཐོག་གསུང་བཤད་གནང་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་སྒྱུར་བཅོས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་སྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཚད་བརྒལ་དེ་བས་ཆེ་བ་ཐོབ་པར་བྱེད་དགོས་ཞེས་བསྟན་ཡོད། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ལོ་བདུན་ལྷག་ཙམ་སོང་རིང་ཕྱོགས་ཁག་གིས་སྒྱུར་བཅོས་ཇུས་གཞི་2485བཏོན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་སྒྱུར་བཅོས་ཀྱི་དམིགས་ཚད་དང་ལས་འགན་སྤྱིའི་ཆ་ནས་དུས་བཀག་ལྟར་ལེགས་སྒྲུབ་བྱུང་ཡོད།

    2021ལོ། ①

    ★ ཟླ་1ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཡོད།

    ★ ཟླ་1ཚེས་11ཉིན། ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གནང་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་རྒྱས་བཤད་གནང་ཡོད།

    ★ ཟླ་1ཚེས་22ཉིན། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གནང་སྐབས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ཀྱི་ཐོག་ནས་བལྟས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་ཡོད།

    དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྨན་རྫས་གཅིག་སྡུད་དང་འབོར་བཅད་ཉོ་སྒྲུབ་ལས་དོན་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཡོད།

    ★ ཟླ་1ཚེས་25ཉིན། ཞི་ཅིན་ཕིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི“ཏ་ཝོ་སིའི་གྲོས་རིམ”གྱི་སྐད་ཆ་ཤོས་རེས་ཚོགས་འདུར་ཞུགས་པ་དང་འབྲེལ་དམིགས་བསལ་ཤིས་ཚིག་ཀྱང་གསུངས་ཡོད།

    ★ ཟླ་1ཚེས་30ཉིན་གོ་ལ་ཧྲིལ་པོའི“ཧྭ་ལུང་ཨང་དང་པོའི”ཉིང་རྡུལ་གློག་གི་འཕྲུལ་ཙུའུ་དང་པོ་སྟེ། ཧྥུའུ་ཅན་ཕུའུ་ཆིང་ཉིང་རྡུལ་གློག་གི་འཕྲུལ་ཙུའུ་ཨང་ལྔ་པ་ཚོང་ལས་འཁོར་རྒྱུག་ཐད་སྤྱོད་འགོ་ཚུགས་ཡོད།

    ★ ཟླ་2ཚེས་2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ཡོད།

    ★ ཟླ་2ཚེས་20ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་གིས《ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཡོད། ཐེངས་དེའི་ཚོགས་འདུ་གྲོལ་རྗེས། ཞི་ཅིན་ཕིང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གླེང་བ》དང《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ་བཅས་ཀྱི་རྣམ་བཤད་གཅེས་བཏུས》《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་སྐོར་གྱི་དྲི་བ་དྲིས་ལན》《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》སོགས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔེ་དེབ་དཔེ་སྐྲུན་བྱས་ཡོད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།