ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར“སྐབས་འཕྲལ་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་གནད་དོན་ཐག་གཅོད་བྱེད་དགོས་ལ་སྒྲིག་སྲོལ་དང་ལམ་ལུགས་ཀྱང་འཛུགས་དགོས་པ་དང་། རྣམ་པ་གསར་པ་དང་བྱས་རྗེས་གསར་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཐོབ་པའི་གྲུབ་འབྲས་གསར་པར་བརྩིས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་རིང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱེད་དགོས། དུས་མཚུངས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱུན་རྣམ་དང་ཕུགས་ཕན་འགན་ལེན་བྱེད་དགོས།
གནད་དོན་ལ་ཐད་ཀར་གཏུག་ཕོད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ལེགས་ཆ་རེད། བརྗོད་དོན་གཙོ་བོའི་སློབ་གསོར་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གནད་དོན་འཁྱེར་ནས་སློབ་སྦྱོང་དང་། གནད་དོན་ལ་ཕྱོགས་ནས་སྐྱོད་པ། གནད་དོན་ལ་དམིགས་ནས་དག་ཐེར་བཅས་བྱེད་པ་དང་། གནད་དོན་དངོས་ཐག་གཅོད་དང་གནད་དོན་ཐག་གཅོད་དངོས་བྱས་ནས་འཚོལ་བཤེར་དག་ཐེར་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་ཀྱིན་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་མཐའ་འཁྱོངས་བྱས་ཏེ། གནད་དོན་དག་ཐེར་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། མི་དམངས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱས་པའི་ཕན་འབྲས་དངོས་མྱོང་ཚོར་ཏན་ཏིག་ཐུབ་ཏུ་འཇུག་དགོས། གྲི་དངོ་རང་གཏད་ཀྱི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བར་རིགས་དབྱེ་དག་ཐེར་དང་གཅིག་སྡུད་བཅོས་སྒྲིག་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་མི་འདང་ས་བཤེར་འདོན་གཏིང་ཟབ་དང་། གནད་དོན་གྱི་གསལ་ཐོ་འགོད་པ། མངོན་གསལ་དོད་པའི་གནད་དོན་དག་ཐེར་བཅོས་སྒྲིག་བྱེད་པར་དམ་འཛིན་ཡག་པོ་བཅས་བྱས་ཏེ་ཕན་འབྲས་དངོས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས།
བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་ཚད་གཞི་དང་ཡང་ཡང་བསྡུར་ནས། བརྟག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནད་དོན། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་། སྐོར་ཞིབ་སྐོར་གཟིགས་དང་རྩིས་བཤེར་ལྟ་སྐུལ་བྱེད་རིང་ཤེས་པའི་གནད་དོན་དང་ཟུང་འབྲེལ་གྱིས་གནད་དོན་གྱི་གསལ་ཐོ་རེ་རེ་བཞིན་བཟོ་དགོས་པ་དང་། སློབ་སྦྱོང་དང་། ཞིབ་བཤེར། བཅོས་སྒྲིག་བཅས་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ་དང་རང་ངོས་ཀྱི་མི་འདང་ས་དང་ལས་ཀའི་ཧེ་བག་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་ཏེ་ཐོག་མའི་དུས་ནས་བཅོས་སྒྲིག་དང་། བཅོས་སྒྲིག་བྱེད་ཐུབ་རིགས་འཕྲལ་མར་བཅོས་སྒྲིག འཕྲལ་མར་ཐག་གཅོད་མི་ཐུབ་རིགས་ལ་བྱེད་ཐབས་ཞིབ་ཕྲ་ཁ་གསལ་བཟོ་བ་དང་། དུས་བཀག་ལྟར་དག་ཐེར། འགན་འཁྲི་ཁག་བགོས་བཅས་བྱས་ནས་དག་ཐེར་དམིགས་སར་འཁྱོལ་བའི་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་། སྡེ་ཁག་ཁག ཚན་པ་ཁག་བཅས་ཀྱིས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པ་དང་ཡུན་རིང་ཐག་གཅོད་བྱས་མེད་པའི་མངོན་གསལ་དོད་པའི་གནད་དོན་འགའ་ཞིག་གཏན་འཁེལ་དང་། ཆེད་དམིགས་བཅོས་སྒྲིག་ཇུས་གཞི་བཟོ་བ། རྩིས་ཁྲའི་རྣམ་པའི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་འདེད་གཏོང་སྟངས་སྤྱད་དེ་གཅིག་སྡུད་བཅོས་སྒྲིག་དང་། འཛེམས་མེད་དམར་འདོན། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ་ཧ་རེ་ཧུ་རེ་དང་། ཆེ་གཡོལ་ཆུང་ལེན། དངོས་གཡོལ་རྫུན་བཟོ་བཅས་བྱེད་རིགས་སྔོན་འགོག་དང་། ཕྱི་ཚུལ་ཙམ་དང་གྲངས་ཀ་ཙམ་དག་ཐེར་དང་ཐ་ན་མི་བདེན་རྫུན་སྒྲིག་བྱེད་རིགས་སྔོན་འགོག་བྱེད་དགོས། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་བྱས་ཏེ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྒྲིག་སྲོལ་དང་ལམ་ལུགས་བཟོ་བའི་ལས་དོན་ཡག་པོ་བསྒྲུབས་ནས་གནད་དོན་སླར་ཡང་མ་ཐོན་སྔོན་འགོག་བྱེད་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་ཤུགས་རྒྱག་ས་གལ་ཆེན་ཞིག་རེད། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”གཅིག་གྱུར་དམ་ཟབ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་བརྒྱུད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་ཞིབ་ཕྲ་བཟོ་དགོས། ཏང་ཡོན་དང་ལས་བྱེད་པས་སྔར་ཡོད་ཀྱི་བསམ་བློ་གཏོང་སྟངས་ངན་པ་མེད་པར་བཟོ་བ་དང་། བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་གནད་དོན་གྱི་ཞན་ཆ་དང་དེའི་འབྱུང་རྩ་གསལ་པོ་བཟོ་བ་བཅས་ལ་ཁྲིད་སྟོན་བྱས་ནས“དམིགས་བཀར་སྨན་བཅོས”བྱེད་དགོས། བྱ་བ་དངོས་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་བསལ་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་ནས“བྱས་འབྲས་ཐོབ་པར་ངས་མི་བརྩོན། བྱས་རྗེས་འཇོག་པར་ང་ཡིས་འབད་པའི”སྙིང་སྟོབས་དར་སྤེལ་གཏོང་དགོས།